七年级历史 七年级历史秦始皇_第1页
七年级历史 七年级历史秦始皇_第2页
七年级历史 七年级历史秦始皇_第3页
七年级历史 七年级历史秦始皇_第4页
七年级历史 七年级历史秦始皇_第5页
已阅读5页,还剩5页未读 继续免费阅读

下载本文档

版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领

文档简介

འཁྲིད་མཁན།བན་དེ་འཚོ།གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་ཚུལ།འཁྲིད་ཡུལ།དམའ་གཅིག་ལོ་རིམ།འཁྲིད་གནས།འབོ་ར་སློབ་འབྲིང་།གོང་མ་ཆིན་ཧྲི་ཧོང་གིས་རྒྱལ་ཕྲན་དྲུག་གཅིག་གྱུར་བྱས་པ་ལས་འཕྲོས་པའི་གཏམ།༄༅།ཆིན་ཧྲི་ཧུང་གི་ལོ་རྒྱུས་མདོར་བསྡུས།

ཆིན་ཧྲི་ཧུང༼སྤྱི་ལོ་སྔོན་གྱི༢༥༩_སྤྱི་ལོ་སྔོན་གྱི༢༡༠ལོའི་ཟླ༩པའི་ཚེས

༡༠བར༽ནི་ཕོ་ཡིན་ལ་རྒྱ་རིགས་ཡིན་པ་དང་།

མཚན་གཞན་ལ་ཆིན་ཝང་ཀྲིན་

དང་།ཀྲའོ་ཀྲིན།ཆིན་ཀྲིན།ཡུན་ཀྲིན།ཙུའོ་ལུང་སོགས་ཟེར་ཞིང་།ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་ཆེས་

རླབས་ཆེ་བའི་ཆབ་སྲིད་པ་དང་།འཐབ་ཇུས་པ།དམག་དོན་པ་སོགས་ཡིན།གོང་མ་ཆིན་ཧྲི་ཧོང་གི་མཛད་རྗེས་མདོར་བསྡུས།ཐེངས་དང་པོར་ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་བྱས་ཤིང་ཆིན་རྒྱལ་རབས་བཙུགས་ནས་གོང་མ་རྒྱལ་པོ་ཐོག་མར་བཞུགས།རྒྱལ་པོ་ཆིན་ཀྲུང་ནཱང་གི་རྒྱལ་སྲས་ཡིན་ལ་དགུང་གྲངས༡༣ཐོག་ཏུ་རྒྱལ་སྲིད་ཀྱི་གསེར་ཁྲིར་མངའ་གསོལ་ཞིང་།དགུང་གྲངས༣༩ཐོག་ཏུ་གོང་མར་རྒྱལ་པོར་བཞུགས་ནས་རྒྱལ་སྲིད་ལོ་ངོ༣༧རིང་ལ་བསྐྱངས།ཆིན་ཧྲི་ཧུང་གིས་གོང་མ་རྒྱལ་པོའི་ལམ་ལུགས་བཙུགས་ཏེ།ཀྲུང་དབྱང་ནས་རྒན་པ་གསུམ་དང་བློན་ཆེན་དགུའི་ལམ་ལུགས་ལག་ལེན་དུ་བསྟར་ཞིང་།ས་གནས་སུ་རིམ་པ་བགོས་ནས་དཔོན་གནས་བསྐོ་འཇོག་བྱེད་པའི་ལམ་ལུགས་མེད་པར་བྱས་ནས་ཅུན་ཞན་ལམ་ལུགས་ལག་ལེན་དུ་བསྟར་བ་དང་།ཡི་གེ་གཅིག་གྱུར་བྱས་པ།དངུལ་ལོ་དང་ཡང་ལྗི་རིང་ཐུང་ཆེ་ཆུང་སོགས་ཚད་རིམ་འདྲ་མཉམ་བྱས་པ།བྱང་ནས་ཞཱོན་ནཱོར་དམག་འཁྲུག་བརྒྱབ་ཅིང་ལྷོ་ནས་ཡཱའོ་རིགས་བཏུལ་བ།རྒྱ་ནག་ལྕགས་རི་རིང་པོ་བརྩིགས་པ།ད་ལྟའི་ཀྲུང་གོའི་རྩ་བར་གྱུར་བའི་ས་ཁྲའི་ཆགས་ཚུལ་གྲུབ་པ།ཀྲུང་གོའི་གཅིག་གྱུར་ཆེན་པོའི་དུས་རབས་སུ་བསྐྱོད་པར་སྐུལ་འདེད་བྱས་པ།ལམ་ལུགས་གཅིག་སྡུད་ཡིན་པའི་ཀྲུང་དབྱང་གི་དབང་ཆའི་གཅིག་སྡུད་ལམ་ལུགས་ཀྱི་རྣམ་པ་གསར་བ་ཞིག་གསར་གཏོད་བྱས་ནས།ཀྲུང་གོ་དང་འཛམ་གླིང་གི་ལོ་རྒྱུས་ཐོག་ཏུ་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས།ཁོང་གིས་ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་ཀྲུང་གོའི་རྩ་བར་གྱུར་བའི་ཆབ་སྲིད་རྣམ་ཞིག་གི་རྨང་གཞི་གསར་བ་ཞིག་གི་བཏིངས་པ་རེད།རྒྱལ་སྲིད་གསེར་ཁྲིར་མངའ་གསོལ་པ།རྒྱལ་པོ་ཆིན་ཀྲུང་ནཱང་ཁྲི་ལོ་གསུམ་པ་སྟེ།སྤྱི་ལོ་སྔོན་གྱི༢༤༧ལོར་རྒྱལ་པོ་ཆིན་ཀྲུང་ནཱང་སྐུ་འཕུར་བ་དང་།རྒྱལ་སྲས་ཆིན་ཧྲི་ཧུང་རྒྱལ་སར་འཁོད།སྐབས་དེར་དགུང་ལོ༡༣ཡིན།རྒྱལ་སྲིད་ལ་བློན་ཆེན་ལོས་པོ་ཝིས་ཚོད་འཛིན་བྱས་ཤིང་།ཆིན་ཧྲི་ཧུང་གིས་ལོས་པོ་ཝིས་ཕ་ཡར་དུ་བཀུར།ལོས་པོ་ཝིས་ཀྱིས་ཕྱོགས་གཅིག་ནས་རྒྱལ་སྲིད་ཚོད་འཛིན་བྱས་པ་དང་།ཕྱོགས་གཅིག་ནས་རྒྱལ་ཡུམ་ཀྲའོ་ཧྥས་ལ་ལྐོག་ཏུ་བརྩེ་དུང་མཚོན་བཞིན་ཡོད།ཁོས་ཆིན་ཧྲི་ཧུང་ཉིན་རེ་བཞིན་ལང་ཚོ་དར་ལ་བབས་པ་མཐོང་ནས།ཆིན་ཧྲི་ཧུང་གིས་དོན་དག་འདི་ཤེས་པར་འཛེམས་ཤིང་།རྒྱལ་ཡུམ་ལ་ཁ་བྲལ་འདོད་ཀྱང་རྒྱལ་ཡུམ་ཁོང་ཁྲོ་ལངས་པར་དོགས་ནས།བློན་ཆེན་རྫུན་མ་ཞིག་རྒྱལ་ཡུམ་ལ་ཕུལ་ཞིང་།མཇུག་མཐར་རྒྱལ་ཡུམ་ཀྲའོ་ཧྥས་བྱིས་པ་གཉིས་སྐྱེས་སོ།རྒྱལ་ཁབ་དྲུག་དབང་དུ་བསྡུས་པ།སྤྱི་ལོ་སྔོན་གྱི༢༣༠ནས་སྤྱི་ལོ་སྔོན་གྱི༢༢༡ལོའི་བར་ལ་ཆིན་ཧྲི་ཧུང་གིས་རྒྱལ་ཁབ་དྲུག་མེད་པར་དུ་གཏོང་བའི་དམག་འཁྲུག་བརྒྱབ་ནས།མཇུག་མཐར་ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་གཅིག་གྱུར་ཆེན་པོའི་རྒྱལ་རབས་ཏེ།ཆིན་རྒྱལ་རབས་བཙུགས་ནས་གོང་མ་རྒྱལ་པོར་ཐོག་མར་བཞུགས།ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་བྱེད་པའི་ལམ་ལུགས་རྣམ་པ་གསར་བ་ཞིག་གསར་གཏོད་བྱས་ནས།ཀྲུང་གོ་དང་འཛམ་གླིང་གི་ལོ་རྒྱུས་ཐོག་ཏུ་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས།ཁོང་གིས་ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་ཀྲུང་གོའི་རྩ་བར་གྱུར་བའི་ཆབ་སྲིད་རྣམ་ཞིག་གི་རྨང་གཞི་བཏིངས་པ་རེད།ཀྲུང་དབྱང་གིས་ཆེད་དབང་གཅིག་སྡུད་བྱས་པ།ཆིན་ཧྲི་ཧུང་གིས་ཕན་འབྲས་ལྡན་པའི་ངང་ནས་རྒྱལ་ཁབ་ལ་བདག་དམ་བྱེད་ཆེད་དང་།ཡང་ན་བསྐལ་བ་མ་སྟོང་བར་དུ་རང་གི་བུ་རབས་ཚ་རྒྱུད་རྣམས་ལ་བྱ་བཞག་གི་རྨང་གཞི་བརྟན་པོ་ཞིག་གཏིངས་དགོས་པའི་ཆེད་དུ་ཀྲན་གོ་ཞེས་པའི་སྐབས་སུ་དཔོན་གནས་བཙུགས་པའི་ཉམས་མྱོང་བླངས་ནས།ཀྲུང་དབྱང་གིས་ཆེད་དབང་གཅིག་སྡུད་ལམ་ལུགས་དང་སྲིད་འཛིན་ལས་ཁུངས་སམ་དཔོན་ཉམས་ལམ་ལུགས་ཆ་ཚང་ཞིག་འཛུགས་སྐྲུན་བྱས་ཡོད།

ཀྲུང་དབྱང་གིས་ཆེད་དབང་གཅིག་སྡུད་བྱས་པ།༡.ཀྲུང་དབྱང་ལས་ཁུངས་ཕྱོགས་ནས་བློན་ཆེན་དང་།དམག་དཔོན།དྲུང་ཡིག་སོགས་ཡོད།བློན་ཆེན་ནི་གོང་མ་རྒྱལ་པོའི་གཡས་གཡོན་གཉིས་ཏེ་དཔོན་ཆེན་བརྒྱ་ཕྲག་གི་མགོ་གཙོ་ཡིན་ལ་སྲིད་དོན་སྐྱོང་མཁན་ཀྱང་ཡིན།དམག་དཔོན་ལ་ཐཱེ་ཝིས་ཞེས་འབོད་ཅིང་དམག་དོན་འཛིན་མཁན་ཡིན།དྲུང་ཡིག་ལ་ཞཱེ་ཧྲི་ཏཱ་ཧྥུའུ་ཞེས་འབོད་ཅིང་དཔོན་ཆེན་བརྒྱ་ཕྲག་ལ་ལྟ་ཞིབ་བྱེད་མཁན་ཡིན།འོན་ཀྱང་རྒྱལ་ཁབ་ཀྱི་སྲིད་དོན་དང་དམག་དོན་ཐད།དཔེར་ན་དམག་དྲངས་དགོས་པ་སོགས་ལ་གོང་མ་རྒྱལ་པོས་ཆོག་མཆན་ཐོབ་དགོས།

ཀྲུང་དབྱང་གིས་ཆེད་དབང་གཅིག་སྡུད་བྱས་པ།༢.ཆིན་ཧྲི་ཧུང་གིས་རྒྱལ་ཁབ་དྲུག་ཚར་གཅོད་བྱས་རྗེས།ལིས་སིའི་བསམ་འཆར་བཀོལ་སྤྱོད་བྱས་ནས།རིམ་པ་བཞིན་དཔོན་གནས་བསྐོ་བའི་ལམ་ལུགས་མེད་པར་བྱས་ཏེ་ཅུན་ཞན་ལམ་ལུགས་ལ་བསྒྱུར་བ་རེད།ས་གནས་ཀྱི་སྲིད་འཛིན་ལས་ཁུངས་ལ་ཅུན་དང་ཞན་རིམ་པ་གཉིས་སུ་བགོས།ཅུན་ཞན་རིམ་པ་གཉིས་ཀྱི་དཔོན་གནས་ནི་ཀྲུང་དབྱང་གིས་བསྐོ་འཇོག་བྱེད་དགོས་ཤིང་།དེའི་གཤམ་དུའང་རིམ་པ་བཞིན་ལས་འགན་ཕྲ་ཞིབ་ཞིག་ལས་བགོས་བྱས་ཡོད།༡.དཔེ་ཆ་དང་ཡི་གེ་གཅིག་གྱུར་བྱུང་བ།༢.ཡང་ལྗི་དང་རིང་ཐུང་ཆེ་ཆུང་སོགས་ཚད་རིམ་ལམ་ལུགས་གཅིག་གྱུར་བྱུང་བ།༣.དངུལ་ལོའི་ལམ་ལུགས་ལེགས་བཅོས་བྱས་པ།

༤.འགྲིམ་འགྲུལ་ལེགས་བསྒྲིགས་བྱས་པ།༥.ཤིང་རྟའི་འཁོར་ལོ་དང་གཞུང་ལམ་གཅིག་གྱུར་བྱུང་བ།༦.

གཞུང་ལུགས་ཀུན་སྤྱོད་དང་ཚད་ལྡན་བྱ་སྤྱོད་གཅིག་གྱུར་བྱུང་བ།

དཔལ་འབྱོར་རིག་གནས།ཆིན་ཧྲི་ཧུང་ནི་སྤྱི་ལོ་སྔོན་གྱི༢༥༩ལོར་ཀྲའོ་རྒྱལ་ཁབ་ཀྱི་རྒྱལ་ས་ཧཱན་དཱན་ནས་སྐུ་འཁྲུངས་ཤིང་།ཡབ་ཆིན་ཀྲོང་ནཱང་ངམ་ཡུན་ཙི་ཁྲུའུ་དང་ཡུམ་ཀྲའོ་ཧྥས་ཡིན།

སྤྱི་ལོ་སྔོན་གྱི༢༥༩ལོའི་ཟླ༥བར་ཡབ་ཆིན་ཀྲོང་ནཱང་དག་ཞིང་དུ་ཕེབས་ཤིང་།དགུང་གྲངས༣༥ཡིན།རྒྱལ་སྲས་ཆིན་ཧྲི་ཧུང་རྒྱལ་སྲིད་ཀྱི་གསེར་ཁྲིར་མངའ་གསོལ་བ་ཡིན།

སྤྱི་ལོ་སྔོན་གྱི༢༣༠ལོར་ཆིན་རྒྱལ་ཁབ་ཀྱིས་ཧན་རྒྱལ་ཁབ་ཚར་གཅོད་བྱས།

སྤྱི་ལོ་སྔོན་གྱི༢༢༨ལོར་ཆིན་རྒྱལ་ཁབ་ཀྱིས་ཀྲའོ་རྒྱལ་ཁབ་ཚར་གཅོད་བྱས།

སྤྱི་ལོ་སྔོན་གྱི༢༢༥ལོར་ཆིན་རྒྱལ་ཁབ་ཀྱིས་ཝིས་རྒྱལ་ཁབ་ཚར་གཅོད་བྱས།

སྤྱི་ལོ་སྔོན་གྱི༢༢༣ལོར་ཆིན་རྒྱལ་ཁབ་ཀྱིས་ཁྲུའུ་རྒྱལ་ཁབ་ཚར་གཅོད་བྱས།

སྤྱི་ལོ་སྔོན་གྱི

温馨提示

  • 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
  • 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
  • 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
  • 4. 未经权益所有人同意不得将文件中的内容挪作商业或盈利用途。
  • 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
  • 6. 下载文件中如有侵权或不适当内容,请与我们联系,我们立即纠正。
  • 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。

评论

0/150

提交评论