版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领
文档简介
བྲག་གཡབ་རྫོང་སློབ་ཆུང་བློ་བསྟན་ནས།འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚོད་ལྟའི་སློབ་དེབ་།ལོ་རིམ་གསུམ་པའི་སྨད་ཆ།གཏམ་རྒྱུད་ཁག་གཉིས།སློབ་ཚན་གསར་འདྲེན།ཐ་སྙད་གསལ་འགྲེལ།སློབ་ཚན་ཀློག་སྦྱོང་།སློབ་ཚན་དབྱེ་ཞིབ།ནག་པང་འཆར་འགོད།སློབ་ཕྱིའི་སྦྱོང་གཞི།ཐུགས་རྗེ་ཆེ།སློབ་ཚན་གསར་འདྲེན་གནའ་སྔ་མོ་མི་ཞིག་གི་ཁྲོམ་དུ་གང་འཚོང་བར་བསྐྱོད་པ་རེད།ཁོས་མདུང་འཕྱར་ཏེ་སྐད་ཆ་གང་བཤད་པ་དང་།ཕུབ་འཕྱར་ཏེ་སྐད་ཆ་གང་བཤད་འདུག།མཇུག་ཏུ་ཁོས་མི་གཞན་དེའི་སྐད྄ཆར་ལན་འདེབས་མི་ཐུབ་པའི་རྒྱུ་མཚན་གང་ཡིན།མི་དེས་གང་མཐོང་བ་དང་གང་བསམ་ཡོད།ཁོས་བྱ་སྤྱོད་གང་ཞིག་སྤེལ་བ་དང་མཇུག་འབྲས་གང་ཞིག་ཐོབ་ཡོད་།ངས་ངེས་ཤེས་མདུང་།དབྱུག་པ་རིང་པོའི་རྩེ་མོར་ལྕགས་རྩེ་རྣོན་པོ་བསྒར་བའི་མཚོན་ཆ་ཞིག་གི་མིང་།ཕུབ།ལག་ལ་བཟུང་ནས་མདའ་གྲི་མདུང་སོགས་མཚོན་ཆ་འགོག་བྱེད་ཀྱི་ཡོ་བྱད་ཞིག།འབིགས།
ཁུང་བུ་བརྟོལ་བའོ་དོན།མཁྲེགས།སྲ་ཞིང་འཐས་པའི་དོན་ཏེ།ས་མཁྲེགས་པོ།ཤིང་མཁྲེགས་པོ།ལྕགས་མཁྲེགས་པོ་ལྟ་བུ།ངས་ཤོད་ཤེས་སློབ་མ་ཚོས་སློབ་ཚན་ཡང་ཡང་ཀློག་སྦྱང་བྱས་ནས་གཤམ་གྱི་དྲི་བར་ལན་འདེབས་དགོས།གཏམ་རྒྱུད་དང་པོ་མདུང་དང་ཕུབ་ཞེས་པའི་ནང་ང་ཚོར་གནས་ལུགས་གང་བཤད་འདུག།གནའ་སྔ་མོ་མི་ཞིག་གིས་ལག་གཡས་སུ་མདུང་གཅིག་དང་།ལག་གཡོན་དུ་ཕུབ་གཅིག་ཁྱེར་ཏེ་ཁྲོམ་དུ་འཚོང་བར་སོང་།མདུང་དང་ཕུབ།ཁོས་ལག་གཡས་པའི་མདུང་ཡར་ཕྱར་ཏེ་ང་ཡི་མདུང་འདི་ཧ་ཅང་རྣོ་བས།ཕུབ་གང་འདྲ་ཞིག་ཡོད་ཀྱང་འབིགས་མི་ཐུབ་པ་མེད་ཅེས་བཤད་པ་དང་།དེ་ནས་ཡང་ཁོས་ལག་གཡོན་པས་ཕུབ་དེ་ཡར་ཕྱར་ནས་ང་ཡི་ཕུབ་དེ་ཤིན་ཏུ་མཁྲེགས་པས།མདུང་རྣོ་པོ་གང་འདྲ་ཞིག་ཡོད་ཀྱང་འབིགས་མི་ཐུབ་པ་ཅེས་འུད་ཤོབ་བཤད།སྐབས་དེར།མི་ཞིག་གིས་འོ་ན་ཁྱོད་ཀྱི་མདུང་དེ་ཁྱོད་ཀྱི་ཕུབ་ལ་བཙུགས་ན་གང་འདྲའདུག་ཅེས་དྲིས་པས།ཁོ་ཅི་ཡང་བཤད་རྒྱུ་མེད་པར་གྱུར།གཏམ་རྒྱུད་དང་པོའི་ནང་དོན།མདུང་དང་ཕུབ་འཚོང་མཁན་གྱི་མི་དེས་བྱ་བའི་མཇུག་འབྲས་ལ་བསམ་བློ་ཅི་ཡང་མི་གཏོང་བར་རང་གི་མདུང་དང་ཕུབ་གཉིས་ལ་ཚད་མཐོའི་གདེང་འཇོག་བྱས་ཀྱང་སྐད་ཆ་སྔ་ཕྱི་འགལ་ཟླར་གྱུར་ནས་མི་གཞན་གྱི་དྲི་བར་ལན་འདེབས་མ་ཤེས་པར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བའི་སྐོར་བཀོད་ཡོད།ནག་པང་འཆར་འགོད།གཏམ་རྒྱུད་དང་པོ།བྱ་བའི་འབྱུང་རྐྱེན།
མདུང་དང་ཕུབ་འཚོང་བ།བྱ་བའི་མཇུག་འབྲས།ཕན་ཚུན་འགལ་ཟླར་གྱུར་བ།བྱ་བའི་འཕེལ་རིམ།ང་ཡི་མདུང་འདི་ཧ་ཅང་རྣོ་བས།ཕུབ་གང་འདྲ་ཞིག་ཡོད་ཀྱང་འབིགས་མི་ཐུབ་པ་མེད་ང་ཡི་ཕུབ་དེ་ཤིན་ཏུ་མཁྲེགས་པས།མདུང་རྣོ་པོ་གང་འདྲ་ཞིག་ཡོད་ཀྱང་འབིགས་མི་ཐུབ་པ་ཅེས་འུད་ཤོབ་བཤད།དུས་རྒྱུན་ནས་གཏམ་སྤྱོད་གཉིས་ཕན་ཚུན་འགལ་ཟླར་གྱུར་བའི་བྱ་བ་བྱེད་མི་རུང་བའི་གནས་ལུགས་བསྟན་ཡོད།འུད་ཤོབ།དོན་ངོ་མའི་གནས་ཚུལ་ལས་འདས་པའམ་བརྒལ་བ་སྟེ།འུད་བསྟོད་མ་བྱེད།འུད་སྒྲོག་མ་བྱེད།འུད་ཤོབ་མ་ཤོད་ལྟ་བུ།དྲིལ་བུ།ལྕགས་རིགས་ལས་བཟོས་པའི་ཅོང་རིགས་དྲིལ་ལྕེ་ཅན་གྱི་མིང་།ཡུལ་སྐད་དུ་ཏིང་ཏིང་ཡང་ཟེར།རེག།ལག་པས་དངོས་པོ་གཞན་ལ་ཐད་ཀར་ཐུག་པའམ་འཆང་བའི་དོན།ལག་པ་མ་གཙང་བས་མིག་ལ་མ་རེག་ལྟ་བུ།ངས་ངེས་ཤེས་ངས་ཤོད་ཤེས་སློབ་མ་ཚོས་སློབ་ཚན་ཡང་ཡང་ཀློག་སྦྱང་བྱས་ནས་གཤམ་གྱི་དྲི་བར་ལན་འདེབས་དགོས།གཏམ་རྒྱུད་གཉིས་པ་རྣ་བ་བཀབ་ནས་དྲིལ་བུ་བརྐུ་བ་ཞེས་པའི་ནང་ང་ཚོར་གནས་ལུགས་གང་བཤད་འདུག།སྔར་མི་ཞིག་གི་ཡོད་པ་དེས་གཞན་གྱི་སྒོ་ལ་དྲིལ་
བུ་བཏགས་ཡོད་པ་མཐོང་ནས་བརྐུ་དགོས་སྙམ།དྲིལ་བུ་བརྐུ་བ།འོན་ཀྱང་ཁོས་ལག་པ་དྲིལ་བུར་ཐུག་ན་སྒྲ་གྲགས་པ་ཤེས་ཀྱི་ཡོད།
ཁོའི་བསམ་པར་སྒྲ་ནི་རྣ་བས་ཐོས་ཀྱི་ཡོད་པས།གལ་ཏེ་རྣ་བ་བཀབ་ན་སྒྲ་ཐོས་མི་ཐུབ་སྙམ་།
ཁོས་རང་ཉིད་ཀྱི་རྣ་བ་བཀབ་སྟེ་ལག་པ་དྲིལ་བུར་ཐུག་མ་ཐག་དྲིལ་བུའི་སྒྲ་མི་གཞན་གྱིས་གསལ་ལྷང་ངེར་ཐོས་སོ།ནག་པང་འཆར་འགོད།གཏམ་རྒྱུད་གཉིས་པ།བྱ་བའི་འབྱུང་རྐྱེན།མི་གཞན་གྱི་སྒོ་ལ་བཏགས་པའི་དྲིལ་བུ་བརྐུ་དགོས་སྙམ་པ།བྱ་བའི་འཕེལ་རིམ།ཁོས་ལག་པ་དྲིལ་བུར་ཐུག་ན་སྒྲ་གྲགས་པ་ཤེས་ཀྱི་ཡོད།ཁོའི་བསམ་པར་སྒྲ་ནི་རྣ་བས་ཐོས་ཀྱི་ཡོད་པས།གལ་ཏེ་རྣ་བ་བཀབ་ན་སྒྲ་ཐོས་མི་ཐུབ་སྙམ་།བྱ་བའི་མཇུག་འབྲས།དྲིལ་བུའི་སྒྲ་མི་གཞན་གྱིས་གསལ་ལྷང་ངེར་ཐོས་སོ།
རང་གིས་རང་ལ་མགོ་སྐོར་གཏོང་བའི་གླེན་ཇུས་ལག་ཏུ་བསྟར་ན་མཐར་རྫུན་རྐུབ་བརྡོལ་ངེས་ཡིན་པའིགནས་ལུགས་བསྟན་ཡོད།སློབ་ཕྱིའི་སྦྱ
温馨提示
- 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
- 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
- 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
- 4. 未经权益所有人同意不得将文件中的内容挪作商业或盈利用途。
- 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
- 6. 下载文件中如有侵权或不适当内容,请与我们联系,我们立即纠正。
- 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。
最新文档
- 办公空间改造合同
- 农业科技创新提案管理
- 电子元件法定代表人聘任合同
- 住宅小区供水泵采购招投标
- 增强现实电气系统改造协议
- 投资型公寓买卖合同协议
- 消防安全信息公示管理办法
- 娱乐行业投标响应函范例
- 体育实验室运动分析
- 企业市场营销流程
- 镇卫生院绩效考核方案
- 9.2+积极投身创新实践(高效教案)-【中职专用】中职思想政治《哲学与人生》(高教版2023基础模块)
- 【高中语文】《逻辑的力量》课件+统编版++选择性必修上册
- 生态文明-撑起美丽中国梦学习通章节答案期末考试题库2023年
- 传染病报告卡
- 项目物资管理员培训交底总结
- 习近平总书记关于教育的重要论述研究(安庆师范大学版)学习通超星课后章节答案期末考试题库2023年
- 法院诉讼指定监护人申请书
- 类风湿性关节炎综述4572
- 机关事业单位公文写作培训-课件
- 煤矿安全生产信息化管理系统
评论
0/150
提交评论