版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领
文档简介
སློབ་ཚན་བཅུ་གཅིག་པ།འཛིན་གྲྭ:ལོ་རིམ་བཞི་བ།བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་ལ་ཉན་པར་བཀའ་དྲིན་ཆེ།བཙན་པོའི་ཕོ་ཉ།ཐ་སྙད་འགྲེལ་བ།གཉེ་བོ།→ཕོ་ཉའི་བརྡ་རྙིང་།འབྱོར།→སླེབས་པའི་དོན།ལག་ཏུ་འཕྲོད་པའི་དོན།ཕོ་ཉ།→མི་གཞན་ནམ་དུ་མའི་ཚབ་དུ་བྱ་བ་བྱེད་དུ་མངགས་པའི་མིའི་མིང་།ཀོང་ཇོ།→རྒྱལ་བོའི་སྲས་མོའི་མིང་།ཟན།→ཟ་མའི་མིང་ཡིན།བཙུད།→ནང་དུ་བཅུག་པའམ་ནང་དུ་འགྲོ་རུ་བཅུག་པའི་དོན།ཕུ།→མིའི་ཁ་ནང་ནས་དབུགས་བཏང་བ་ལ་ཟེར།ཞག་པོ།→ཉིན་མཚན་གཅིག་གི་དུས་ཚོད་ཉེར་བཞིའི་མིང་།གདན་དྲངས།→མགྲོན་དུ་འབོད་པའམ་ལས་དོན་སྒྲུབ་པར་བོས་པའི་ཞེ་སའི་མིང་།
སློབ་ཚན་ངོ་སྤྲོད་བྱེད་པ།
སློབ་ཚན་འདིའི་ནང་དུ་གཙོ་བོར་བོད་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་རིག་པ་ཅན་མགར་སྟོང་བཙན་མངགས་ཏེ།རྒྱའི་རྒྱལ་བོ་ཐང་ཐེ་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས་ནས།བྱ་བ་ཐམས་ཅད་བདེ་བླག་ངང་འགྲུབ་པའི་སྐོར་བརྗོད་ཡོད།སློབ་ཚན་འདི་ནི་ཚིག་ལྷུག་རྩོམ་ཡིག་ཅིག་ཡིན།སློབ་ཚན་གྱི་ནང་དོན་བཤད་པ།༢.བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་ནག་གི་རྒྱལ་པོ་སུ་ཡིན།༡.འདིར་བཙན་པོ་ཞེས་པའི་དོན་ཅི་ཡིན།༡.ལན།རྒྱལ་པོ་ཞེས་པའི་དོན་ཡིན།༢.ལན།རྒྱ་ནག་གི་རྒྱལ་བོ་ཐང་ཐེ་ཙུང་ཡིན།ཚན་པ་དང་པོའི་ནང་དོན།ཚན་པ་འདིའི་ནང་དུ།ཐོག་མར་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པར་དགོངས་ནས་བློན་པོ་མགར་སྟོང་བཙན་འཁོར་དང་བཅས་པ་རྒྱ་ཡུལ་དུ་ཀོང་ཇོ་བཙུན་མོར་སློང་དུ་མངགས་པ་དང་།རྒྱ་ཡུལ་དུ་ཀོང་ཇོ་བཙུན་མོར་སློང་མཁན་ཧ་ཅང་མང་བས་གོང་མ་ཐང་ཐེ་ཙུང་གིས་ཕོ་ཉ་རྣམས་ལ་རིག་པ་འགྲན་ནས་སུ་རྒྱལ་ན་ཀོང་ཇོ་དེ་ལ་སྟེར་པར་ཐག་གིས་བཅད་པའི་སྐོར་བརྗོད་ཡོད།རང་གྲུབ་ཚན་པ་དང་པོ་དང་གཉིས་པ།ཚན་པ་གཉིས་པའི་ནང་དོན།ཚན་པ་འདིའི་ནང་དུ།བློན་པོ་མགར་སྟོང་བཙན་གྱིས་བློ་རིག་འགྲན་སྡུར་སྣ་ཚོགས་ལས་བསྟུད་མར་རྒྱལ་ཁ་བླངས་པའི་གནས་ཚུལ་བརྗོད་ཡོད།རང་གྲུབ་ཚན་པ་གསུམ་པ་ནས་དྲུག་པ།སློབ་ཚན་གྱི་ནང་དོན་བཤད་པ།༡.རྒྱལ་པོ་ཐང་ཐེ་ཙུང་གིས་ཅི་སྙམ་ནས་ཀོང་ཇོ་བོད་ཀྱི་རྒྱལ་བོའི་བཙུན་མོར་སྟེར་རྒྱུ་ཁས་བླངས་པ་རེད།༡.ལན།རྒྱལ་བོ་ཐང་ཐེ་ཙུང་གིས་བློན་པོ་མགར་འདི་འདྲའི་རིག་པ་རྣོ་བ་ཞིག་ཡིན་པ་མཐོང་ནས།བོད་རྒྱལ་སྲོང་བཙན་སྒམ་པོ་ནི་བློན་པོ་ལས་ཀྱང་མཁས་མཛངས་ལྡན་པ་ཞིག་ཡིན་སྙམ་ནས་ཀོང་ཇོ་བོད་ཀྱི་རྒྱལ་བོའི་བཙུན་མོར་སྟེར་རྒྱུ་ཁས་བླངས་པ་རེད།༢.བོད་ཀྱི་རྒྱལ་བོ་སུ་ཞིག་གི་སྐབས་ནས་བཟུང་རྒྱ་བོད་གཉེན་འབྲེལ་གྱི་མགོ་ཚུགས་པ་རེད།༢.ལན།བོད་རྒྱལ་སྲོང་བཙན་སྒམ་པོ་ནས་བོད་རྒྱ་གཉིས་ཀས་གཉེན་བྱས་པའི་ལོ་རྒྱུས་བྱུང་བ་ཡིན་ནོ།།ཚན་པ་གསུམ་པའི་ནང་དོན།ཚན་པ་འདིའི་ནང་དུ།གོང་མ་ཐང་ཐེ་ཙུང་གིས་བློན་པོ་མགར་སྟོང་བཙན་འདི་རིག་པ་རྒོད་པས་ཁོང་གི་རྗེ་བོ་ནི་དེ་ལས་ཀྱང་མཁས་མཛངས་ལྡན་སྙམ་ནས་ཀོང་ཇོ་བོད་ལ་སྟེར་རྒྱུ་ཁས་བླངས་ཤིང་།དེ་ནས་བཟུང་རྒྱ་བོད་གཉིས་ཀྱི་གཉེན་འབྲེལ་གྱི་ལོ་རྒྱུས་ཐོག་མར་བྱུང་བའི་སྐོར་བརྗོད་ཡོད།རང་གྲུབ་ཚན་པ་བདུན་པ་དང་བརྒྱད་པ།རིག་རྩལ་དོ་ར།ཚིག་བསྡུས་འབྲི་བྱེད་དགོས།བོད་རྒྱལ་སྲོང་བཙན་སྒམ་པོས་བློན་རིག་པ་ཅན་མགར་སྟོང་བཙན་རྟ་བ་བརྒྱདང་བཅས་ཏེ་རྒྱའི་ཡུལ་དུ་མངགས་པ་རེད།ཡི་གེ་བར་ཐིག་གིས་སྦྲེལ་དགོས།རྒྱ་གར་དམག་གི་རྒྱལ་པོའི་ཕོ་ཉ།གེ་སར་ཆོས་ཀྱི་རྒྱལ་པོའི་ཕོ་ཉ།སྟག་གཟིགས་ཧོར་གྱི་རྒྱལ་པོའི་ཕོ་ཉ།བྷ་ཏ་ནོར་གྱི་རྒྱལ་པོའི་ཕོ་ཉ།འཆར་བར་རྒྱལ་པོ་སྲོང་བཙན་སྒམ་པོས་བློན་པོ་མགར་སྟོང་བཙན་རྒྱའི་ཡུལ་དུ་མངགས།དྲི་བ་དང་བསམ་གཞིག༡.རྒྱལ་བོ་ཐང་ཐེ་ཙུང་གིས་བློན་པོ་རྣམས་ལ་བློ་རིག་གང་དང་གང་འགྲན་དུ་བཅུག་པ་རེད།ལན།རྒྱལ་བོས་བླ་གཡུ་མིག་དགུ་ཅན་ཞིག་གི་མིག་ཏུ་དར་ཡིག་བརྒྱུ་རུ་བཅུག་པ་དང་།རྒོད་མ་བརྒྱ་དང་རྟེའུ་བརྒྱ་ལས་མ་བུ་ངོས་འཛིན་དུ་བཅུག་པ།མཚན་གུང་རང་རང་གི་ཁང་བ་བཙལ་དུ་བཅུག་པ་བཅས་འགྲན་དུ་བཅུག༢.བློན་པོ་མགར་གྱིས་རྒོད་མ་དང་རྟེའུའི་ཁྱད་པར་ཇི་ལྟར་ཕྱེས་པ་རེད།ལན།རྟེའུ་རྣམས་ཕྱོགས་གཅིག་ཏུ་བཅུག་ནས་ཞག་གཅིག་ལ་རྩྭ་བྱིན་ཡང་ཆུ་མ་བླུད།དེའི་ཕྱི་ཉིན་རྟེའུ་རྣམས་བཏང་བ་དང་།རྟེའུ་རྣམས་ཀྱིས་རང་རང་གི་ཨ་མ་བཙལ་ནས་ནུ་མ་ནུས་པས།མ་བུ་ངོས་ཟིན་པ་རེད།རྒྱུན་སྤྱོད་ཚིག་ཕྲེང་།ཕོ་ཉ་མངགས།དོགས་པ་ལངས།རིག་པ་རྣོན་པོ།ཁ་ཕུ་བཏབ།ཁབ་ཏུ་བཞེས།གདན་འདྲེན་ཞུས།ཉེ་ཚིགམངགས།→བཅོལ།དོགས་པ།→ཐེ་ཚོམ།གདན་འདྲེན།→སྤྱན་འདྲེན།ཕོ་ཉ།→གཉེ་བོ།ལྡོག་ཟླ།ཐག་གཅོད།→ཐེ་ཚོམ།དཀའ།→སླ།གཙང་མ།→བཙོག་པོ།རྫུན་མ།→ངོ་མ།རྨང་གཞིའི་ཤེས་བྱ།ལས་བྱ།༡.རྒྱལ་བོ་ཐང་ཐེ་ཙུང་གིས་བློན་པོ་རྣམས་ལ་བློ་རིག་ག
温馨提示
- 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
- 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
- 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
- 4. 未经权益所有人同意不得将文件中的内容挪作商业或盈利用途。
- 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
- 6. 下载文件中如有侵权或不适当内容,请与我们联系,我们立即纠正。
- 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。
最新文档
- 石河子大学《食品工程原理二》2021-2022学年第一学期期末试卷
- 石河子大学《现代人工智能技术》2023-2024学年期末试卷
- 石河子大学《家畜繁殖学》2022-2023学年第一学期期末试卷
- 沈阳理工大学《自动控制理论》2021-2022学年期末试卷
- 沈阳理工大学《建筑模型制作与工艺》2021-2022学年第一学期期末试卷
- 沈阳理工大学《电工与电子技术实验》2023-2024学年期末试卷
- 光伏代理商合同范本
- 沈阳理工大学《环境设计》2021-2022学年第一学期期末试卷
- 海事法院 合同解除 典型案例
- 合同到期的续签申请书
- 小米公司CIS设计
- 【可行性报告】2023年年烟草行业项目可行性分析报告
- 《茶叶审评技术》课程考试复习题库(含答案)
- 泡沫塑料行业消防安全制度设立与监察
- 《非连续性文本解读》
- 表演专业大学生职业生涯规划书
- 网络安全防御综合态势感知系统项目可行性分析报告
- 螺纹紧固件知识
- NET Core 底层入门(完整版)
- 浅谈歌曲《红豆词》的艺术特征
- 【设计师】访谈平面设计师
评论
0/150
提交评论