版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领
文档简介
ང་རང་སྦར་ཆོག
འཁྲིད་མཁན།དཀོན་མཆོག
འཇིག་རྟེན་རྒུད་པ་ཇི་སྙེད་པ།
དེ་ཀུན་བདག་བདེ་འདོད་ནས་བྱུང་།
འཇིག་རྟེན་བདེ་བ་ཇི་སྙེད་པ།
དེ་ཀུན་གཞན་བདེ་འདོད་ལས་བྱུང་།
རྒྱལ་སྲས་ཞི་བ་ལྷས།སློབ་ཚན་འདི་ནང་དོན་ཆེ་བ་ཁག་གསུམ་ལ་དབྱེ་ནས་མཇུག་སྒྲིལ་རྒྱུ་ཡིན།
དང་པོ།རྩོམ་སྟངས།གཉིས་པ།ནང་དོན་དབྱེ་ཞིབ།གསུམ་པ།གྱེར་ཀློགདང་པོ།རྩོམ་སྟངས།༡རྩོམ་རིག་གི་རྩོམ་སྟངས་རིགས་ཆེ་བ་བཞི་ནི་གང་ཡིན།ལན་དུ།སྙན་རྩོམ།ལྷུག་རྩོམ།བརྩམས་སྒྲུང་།ཟློས་གར་འཁྲབ་གཞུང་བཅས་བཞི་ཡིན།༢སློབ་ཚན་འདིའི་རྩོམ་སྟངས་གང་ཡིན།ལན་དུ།རང་མོསསྙན་རྩོམ།༣རང་མོས་སྙན་ངག་ལ་ཁྱད་ཆོས་སམ་མཛེས་པ་གང་དག་ཡོད།།<དཀའ་གནད>ལན་དུ།ཀབརྩེ་དུང་གཏིང་ཟབ་པོ་ལྡན་དགོས།ཁཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་དོན་མཚོན་དགོས།གདབྱངས་ཀྱི་འདེགས་འཇོག་གི་མཛེས་པ་ཡོད་དགོས།<ཚིག་ཁྱིམ་ལ་ཆོས་ཉིད་ལྡན་པའི་ངལ་གསོ་ཡོད་དགོས>ངདོན་གབ་པའི་མཛེས་པ་ཡོད་དགོས།<ཡིད་བརྙན་ནམ་དཔེ།ཡིད་ཡུལ་ལ་བརྟེན་ནས་གབ་པའི་དོན་མཚོན་པ>གཉིས་པ།ནང་དོན་དབྱེ་ཞིབ།གཅིགམིང་འགྲེལ།མཆོད་པ།ལྕི་བ།བྲིན།མི་ཐེ།ཆགས་སྡང་།སྤྲོ་བ།མཆོད་པར་ཕུལ་བའི་དངོས་རྫས་ཀྱི་མིང་།ནོར་གྱི་ཤངས་ལམ་ནས་ཐོན་པའི་སྙིགས་མ།རིན་ཐང་བཟང་བ།ཁོངས་སུ་མ་གཏོགས་པ།སེམས་ཆགས་པ་དང་ཁྲོ་བའི་དོན།དགའ་སྣང་།
བསྡུས་དོན་ནི།རང་ཉིད་གྲོང་ཁྱེར་ཆེན་པའི་རྒྱས་སྤྲོས་ཀྱི་འཚོ་བ་ལ་དགའ་བའི་མི་ཞིག་མ་ཡིན་ལ།གཞན་གྱིས་གོང་དུ་བཀུར་བའི་གྲགས་ཅན་གྱི་མི་སྣ་ཞིག་ཀྱང་མ་ཡིན།འོན་ཀྱང་རང་ནུས་ལ་བརྟེན་ནས་གཞན་ལ་ཕན་བདེ་ཕྲན་བུ་བསྐྲུན་ཕྱིར་འཚོ་བའི་ཚེ་སྲོག་དཀྱུས་མ་ཞིག་ཡིན་པ་བསྟན་ཡོད།
རང་ཉིད་ལ་གཞན་གྱིས་གཙིགས་སུ་འཛིན་པའི་གཟུགས་ལང་ཚོ་དང་སྟོབས་འབྱོར་བ་ལྡན་པ་ཞིག་མ་ཡིན་ནའང༌།རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་གི་སྐྱེ་བོ་རྣམས་ལ་དོན་བཟང་སྒྲུབ་འདོད་པའི་སྤོབས་པ་དང་ཆོད་སེམས་ལྡན་པ་མཚོན་ཡོད།
རང་ཉིད་ཀྱིས་གཞན་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དང༌།ཉམས་པ་མེད་པའི་སྟོབས་ཤུགས་ག་འདྲ་ཞིག་ལྡན་པ་ནི་བྱ་སྤྱོད་ངོ་མ་ལས་མཐོང་ཐུབ།དོན་སྙིང་ལྡན་པའི་བྱ་བཞག་ལ་མུ་མཐུད་ནས་འབད་པར་གོང་འོག་ཀུན་གྱིས་མཐུན་འགྱུར་རོགས་རམ་གང་ལེགས་དགོས་རྒྱུ་རྩོམ་པ་པོས་སྙིང་དབུས་ནས་རེ་འབོད་ཞུས་ཡོད།
སློབ་ཚན་འདིའི་བསྟན་བྱ་གཙོ་བོ།
རྩོམ་པ་པོས་གཞན་ལ་དྲོད་དང་འོད་སྣང་འགྱེད་མཁན་ལྩི་བ་ཡི་གཞན་ཕན་གྱི་སྤྱོད་པ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་བརྒྱུད་ནས།དོན་དུ་རང་རེ་མི་རྣམས་ཀྱིས་རྙེད་བཀུར་གྲགས་འདོད་ཀྱི་ཆེད་དུ་མི་ཚེ་སྟོང་ཟད་མི་བཏང་བར།གཞན་ཕན་གྱི་བྱ་བ་ལ་ལྷག་བསམ་ཟོལ་མེད་ཀྱིས་འབད་བརྩོན་བྱས་ཏེ་ཚེ་སྲོག་རིན་ཐང་དང་ལྡན་པའམ་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱ་རྒྱུ་གལ་ཆེ་བའི་གནས་ལུགས་ཟབ་མོ་ཞིག་བསྟན་འདུག་གོ།
གཉིས།བློ་འདོན།༡སྙན་རྩོམ་འདིའི་བརྗོད་བྱ<ཡིད་བརྙན་ནམ་དཔེ>གང་ཡིན།
བརྗོད་བྱ་ཇི་ལྟར་མཚོན་ཡོདལན་དུ།བརྗོད་བྱ་ནི་ལྕི་བ་ཡིན།བརྗོད་བྱ་ཇི་ལྟར་མཚོན་ཡོད་ཞེ་ན།ཀའབོད་པའི་ཐ་སྙད་དང་པོ“ང”བཀོལ་ནས་བརྗོད་བྱའི་དངོས་པོ་ངོས་བཟུང་བ།ཁལྕི་བའི་རྣམ་པ།གལྕི་བའི་ནུས་པ།ངསྤར་བའི་དོན་སྙིང་།ཅལྕི་བ་སྦར་བར་མེ་སོན་དང་མཁའ་རླུང་དགོས།༢སྙན་རྩོམ་གྱི་བསྟན་བྱར་དོན་མང་རང་བཞིན་གྱི་ཁྱད་ཆོས་ཡོད།ཁྱེད་རང་གིས་བསམ་བློའི་སྒོ་མོ་ཡངས་མོར་ཕྱེ་སྟེ་བརྗོད་དོན་འཚོལ་དང་།<གཙོ་གནད>ཁྱིམ་གྱི་བྱ་བར་འཇུག་མཁན་གྱི་དྲིན་ཆེན་ཕ་མ།ལས་རིགས་ཁག་ཏུ་ཁུ་སེམས་མེར་བྱ་བ་གྲུབ་བཞིན་པའི་མི་དམངས་ཀྱི་ལས་བྱེད་དཀྱུས་མ།མི་རིགས་དང་རྒྱལ་ཁབ་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་མཁན་གྱི་དཔའ་བོ་མིང་མེད་དེ་དགའཇིག་རྟེན་འགྲོ་ཀུན་གྱི་སྡུག་བསྔལ་སེལ་མཁན།འཛམ་གླིང་ཞི་བདེ་ཡི་ཆེད་དུ་བྱ་བ་གྲུབ་མཁན་གྱི་སྐྱེ་བོ་ཕལ་པ།གསུམ་པ།གྱེར་ཀློག<སྒྲོག་སྦྱང>གྱེར་ཀློག་གི་རེ་འདུན།འཛིན་གྲྭའི་ནང་གྱེར་ཀློག་གི་འགྲན་བསྡུར་སྤེལ་དགོས།༡སྐད་གསང་མཐོ་བ།༢སྒྲ་ཟུར་ལེགས་འདོན།༣འབྲུ་གསལ་བ།༤བརྩེ་དུང་གིས་ཕྱུག་པ།མཇུག་གཏམ།
ཐོག་མར་ལྗོངས་ཞིང་ལྔའི་སློབ་གསོ་ཚན་པས་སློབ་ཁྲིད་ཀྱི་འགྲན་བསྡུར་དེ་འདྲ་ཞིག་སྤེལ་བར་སྙིང་དབུས་ནས་ཐུགས་རྗེ་བཞུ་རྒྱུ་ཡིན།དེ་ནས་ངའི་བསམ་པར་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་སྤྱི་ཚོགས་དང་རིག་གནས་ཀྱི་འཆིང་སྡོམ་མང་པོ་ཞིག་ནས་གྲོལ་ཏེ་བསམ་བློའི་ཐོག་སོ་སོ་སྒེར་ལ་དབང་བའི་གུ་ཡངས་པའི་འཇིག་རྟེན་ཞིག་སྐྲུན་ཐུབ་ན།དེས་རང་ཉིད་ཀྱི་སློབ་མ་དང་མཐའ་འཁོར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཏེ་ང་ཚོའི་མི་རིགས་དང་མེས་རྒྱལ།སྤྱི་ཚོགས་ཧྲིལ་པོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པར་སེམས།མཇུག་ཏུ་ངའི་
温馨提示
- 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
- 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
- 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
- 4. 未经权益所有人同意不得将文件中的内容挪作商业或盈利用途。
- 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
- 6. 下载文件中如有侵权或不适当内容,请与我们联系,我们立即纠正。
- 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。
评论
0/150
提交评论