




版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领
文档简介
ལེའུ་ཉེར་གཉིས་པ།ཐེངས་གཉིས་རྟེན་འབྱུང་གྲངས།
22.3གནད་དོན་དངོས་དང་ཐེངས་གཉིས་རྟེན་འབྱུང་གྲངས
སློབ་དེབ་དབྱེ་ཞིབ།
སློབ་དེབ་འདི་ནི་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བསླབ་གཞི།འགན་བབས་སློབ་གསོའི་སློབ་དེབ།མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གི་པར་དུ་སྐྲུན་པའི་ལོ་རིམ་དགུ་བའི་སྟོད་ཆ་ཡིན།བསླབ་གཞི་འདི་ལེའུ་ལྔ་བཀར་ཡོད་ལ་དེ་རིང་ཁྲིད་བྱ་ནི་ལེའུ་ཉེར་གཉིས་ཡི་སྡེ་ཚན་གསུམ་པ་གནད་དོན་དངོས་དང་ཐེངས་གཉིས་རྟེན་འབྱུང་གྲངས་ཡི་ཐུན་གཉིས་པའི་ནང་དོན་ཡིན།ཐུན་འདི་ནང་གཙོ་བོ་རིན་གོང་ཇི་ལྟར་གཏན་འཁེལ་བྱས་ན་ཁེ་སྤོགས་མང་ཤོས་ཐོབ་ཐུབ་པའི་གནད་དོན།བསླབ་ཚན་འདིར་སློབ་འབྲིང་སློབ་མར་གྲངས་རིག་གི་རྒྱུན་ཤེས་དང་།གནད་དོན་དངོས་དང་ཐེངས་གཉིས་རྟེན་འབྱུང་གྲངས་སྤྱོད་སྟངས་སོགས་ཤེས་པ་གཞིར་བྱས་རྒྱུན་ལྡན་འཚོ་བའི་ཁྲོད་ནས་ཁེ་སྤོགས་བརྩི་དགོས་བས་གོ་གནས་གལ་ཆེན་ཞིག་ཟིན་ཡོད།བསླབ་དེབ་ནང་དོན་དང་དཔེ་བརྗོད།ཁྱད་ཆོས་སོགས་ཕྱོགས་གང་ཐད་ནས་སློབ་མའི་སེམས་ཁམས་དང་མཐུན་པའི་ཁྱད་ཆོས་ལྡན་པའོ།།
སློབ་ཁྲིད་ཀྱི་དམིགས་ཡུལ།
བསླབ་ཚན་ཚད་གཞིའི་དགོངས་པ་དང་དེང་རབས་སློབ་ཁྲིད་བྱེད་ཐབས་ཀྱི་གཞུང་ལུགས།སློབ་གསོ་སེམས་ཁམས་རིག་པའི་ལྟ་བ་བཅས་ཀྱི་རེ་འདུན་ལྟར་སློབ་ཁྲིད་ལེགས་འགྲུབ་འབྱུང་མིན་དེ་དགེ་རྒན་གྱིས་སློབ་ཁྲིད་དམིགས་ཚད་གནད་དུ་ཁེལ་མིན་ལ་རག་ལས་ཡོད།
འོ་ན།གལ་ཆེ་བའི་ཤེས་བྱ་རྣམས་སློབ་མའི་རྒྱུད་ལ་ཇི་ལྟར་འཇོག་དགོས་ཟེར་ན།དེ་ལ་སློབ་ཁྲིད་ཀྱི་དམིགས་ཚད་གསུམ་ཡོད་དེ།
༡ཤེས་བྱའི་དམིགས་ཚད།རིན་གོང་ཇི་ལྟར་གཏན་འཁེལ་བྱས་ན་ཁེ་སྤོགས་མང་ཤོས་ཐོབ་ཐུབ་པའི་གནད་དོན་བརྩི་དགོས་ན་ངེས་བར་དུ་ཐེངས་གཉིས་རྟེན་འབྱུང་གྲངས་ཀྱི་ཆེས་ཆེ(ཆུང་)་བའི་གྲངས་ཐང་ལེན་སྟེང་གོ་བ་ཟབ་མོ་ཞིག་ལོན་ནས་འཚོ་བར་མཉམ་འབྲེལ་བྱས་ཏེ་ཁེ་སྤོགས་བརྩི་ཐུབ་པ་ཤེས་སུ་འཇུག།
༢ནུས་རྩལ་གྱི་དམིགས་ཚད།ཤེས་བྱ་འདིར་གོ་བ་གཏིང་ཟབ་མོ་ཞིག་བླངས་ནས་སློབ་མའི་གྲངས་རིག་པའི་ཤེས་བྱ་སྦྱང་ནས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་ཤེས་པ།
༣བརྩེ་སེམས་ཀྱི་དམིགས་ཚད།བསླབ་ཚན་འདིའི་ཤེས་བྱ་ཁྲིད་ནས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་གྲངས་རིག་གི་བརྩེ་སེམས་དང་སློབ་མའི་སྤྲོ་སྣང་།ཤེས་འདོད་ཀྱི་འདུན་པ།སྙིང་སྟོབས་དང་བསམ་གཞིགས་ཀྱི་ནུས་པ་བསྐྱེད་བསྲིང་བྱ་རྒྱུ།
སློབ་ཁྲིད་ཀྱི་གཙོ་དཀའ་གནད་བཤད་པ།
གཙོ་གནད་ནི།ཐེངས་གཉིས་རྟེན་འབྱུང་གྲངས་ཀྱི་རི་མོ་དངརང་བཞིན་གཞིར་བཟུང་ནས།གལ་ཏེx=-b2aཡིན་སྐབས་yཆེས་ཆེ་བའི་=4ac-b24aངེས་རྒྱུ།
དཀའ་གནད་ནི།རིན་གོང་ཇི་ལྟར་གཏན་འཁེལ་བྱས་ན་ཁེ་སྤོགས་མང་ཤོས་ཐོབ་ཐུབ་པའི་གནད་དོན།སྔོན་ན་ངེས་བར་དུ་ཁེ་སྤོགས་=(རིན་གོང-མ་གོང)*བཙོང་ཚད།ངེས་རྒྱུ།སློབ་མའི་གནས་ཚུལ་བཤད་པ།
དེ་རིང་ངས་སློབ་ཁྲིད་བྱ་ཡུལ་གྱི་ཁ་གཏད་ས་སློབ་འབྲིང་གི་སློབ་མ་ཡིན།སློབ་མ་རེ་རེའི་སློབ་སྦྱོང་གི་ཆུ་ཚད་མི་འདྲ་བས་སློབ་ཁྲིད་འདི་ངས་གཞི་རིམ་སློབ་མ་རྣམས་ལ་ཁ་ཕྱོགས་ནས་སློབ་ཁྲིད་བྱ་རྒྱུ་ཡིན།
ཁྲིད་ཐབས་བཤད་པ།
ཁྲིད་ཐབས་འདིར་ཐབས་ཤེས་གང་མང་ཞིག་ཡོད།བསླབ་ཚན་འདིའི་ནང་ངས་
༡སྦྱོང་བརྡར་གྱི་ཐབས།
༢དྲི་བ་དྲིས་ལན་གྱི་ཐབས།
༣གྲོས་བསྡུར་གྱི་ཐབས་སོགས་སྤྱད་པར་བྱ་རྒྱུ།
དེ་ལས་ངས་གྲོས་བསྡུར་གྱི་ཐབས་དང་སྦྱོང་བརྡར་གྱི་ཐབས་གཙོ་བོར་འཛིན་པ་དང་།དེར་མ་གཏོགས་ད་དུང་འཚོ་བའི་ཁྲོད་ཇི་ལྟར་བཀོལ་སྤྱོད་བྱ་རྒྱུ།དེ་བས་ངས་སློབ་ཁྲིད་བྱེད་པའི་སྐབས་སུ་དཔེ་བརྗོད་གང་མང་ཞིག་གཞག་པ་དང་།སློབ་མ་ལའང་གྲོས་བསྡུར་གྱིས་དཔེ་བརྗོད་འཇོག་ཏུ་འཇུག་རྒྱུ།དེ་ལྟར་བྱས་ན་དམིགས་ཚད་དང་སྤུས་ཀ་ཇེ་ལེགས་སུ་འགྲོ་བའི་བཟང་ཆ་དང་ཁྱད་ཆོས་ཡོད།
སློབ་མའི་སྦྱོང་ཐབས་བཤད་པ།
བློ་གསལ་བ།ཤེས་པར་འདོད་པ།བླ་མར་གུས་པ་སྟེ་སློབ་མར་རང་ངོས་ནས་ལྷན་སྐྱེས་ཀྱི་བློ་གསལ་བོ་ཞིག་ཡོད་པའི་ཐོག་ཤེས་བྱ་གང་ལ་སྦྱང་འདོད་པའི་དོན་གཉེར་གྱི་བརྩོན་སེམས་ཏེ་སྐོམས་པ་ལ་ཆུ་དང་ལྟོགས་པ་ལ་ཟས་བཞིན་དུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད།གཞན་ཡང་སློབ་མ་གཙོ་བོ་དང་དགེ་རྒན་ཕལ་བ་སྟེ་མཛུབ་སྟོན་པ་དང་སྣེ་ཁྲིད་པའི་ངོས་ནས་སློབ་མར་སློབ་སྦྱོང་གི་ཐབས་ཤེས་ལེགས་པོ་ཞིག་སྟོན་རྒྱུ་ནི་ཧ་ཅང་གལ་ཆེན་རེད།དེའི་ཕྱིར་ངས་སློབ་མའི་སློབ་ཐབས་ལ་དམིགས་ནས་
༡རྐྱང་སློབ།
༢ཟུང་སློབ།
༣ཚོགས་སློབ་སོགས་བྱ་རྒྱུ་ཡིན།
འདི་བཀོལ་ནས་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་སྐྱོང་བ་དང་སྤྱི་བསྡོམས་ཀྱི་ནུས་པ་མཐོར་འདེགས་གཏོང་བ་དང་།གནད་དོན་འདོན་པ་དང་གནད་དོན་དབྱེ་ཞིབ།གནད་དོན་ཐག་གཅོད་བྱེད་པ་ལའང་ཕན་ཐོགས་ཆེན་པོ་ཡོད་པར་བསམ།
སློབ་ཁྲིད་ཀྱི་ཁྲིད་ཆས།
སྒོ་སམ་དང་་སྨྱུག་གུ་ནི་སློབ་ཁྲིད་བྱེད་པ་ལ་མེད་དུ་མི་རུང་བའི་སློབ་ཁྲིད་ཀྱི་ཡོ་བྱད་གལ་ཆེན་ཡིན་པ་དང་།དེའི་ཁར་དེང་རབས་ཀྱི་སློབ་ཁྲིད་ཡོ་བྱད་སྨྱན་མང་གཟུགས་བཀོལ་ནས་ཡིན།
སློབ་ཁྲིད་ཀྱི་བརྒྱུད་རིམ།།
༡བསྐྱར་སྦྱོང་།
སློབ་ཐུན་སྔོན་མའི་རྨང་གཞིའི་ཤེས་བྱ་རྣམས་ཕྱིར་དྲན་བྱས་ཏེ་དྲི་བ་དྲིས་ལན་གྱི་སྒོ་ནས་བསྐྱར་སྦྱོང་བྱེད་པ།
1.ཐེངས་གཉིས་རྟེན་འགྱུང་འབྱུང་y=a(x-h)2+kཡི་རིས་དབྱིབས་ནི་ཡིན་པ་དང་།དེའི་ཆ་འགྲིག་གི་མདའ་ནིཡིན།རྩེ་ཚེག་གི་གནས་ཚད་ནི་ཡིན།
2ཐེངས་གཉིས་རྟེན་འགྱུང་འབྱུང་y=ax2+bx+cཡི་རིས་དབྱིབས་ནི་ཡིན།དེའི་ཆ་འགྲིག་མདའ་ནི་ཡིན།རྩེ་ཚེག་གི་གནས་ཚད་ནི་ཡིན།གལ་ཏེ་a>0ཡིན།དངོས་འཕངས་ཐིག་ཁ་ཕྱོགས་ནི་གཏད་པ་དང་།ཆེས་ཡི་ཚེག་ཡོད་པ་།རྟེན་འབྱུང་གྲངས་ལ་ཆེས་བའི་གྲངས་ཐང་ཡོད།དེ་ནི་་ཡིན།གལ་ཏེ་a<0སྐབས།དངོས་འཕངས་ཐིག་གི་ཁ་ཕྱོགས་ནི་གཏད་པ་དང་།ཆེས་་བའི་ཚེག་ཡོད་པ་དང་།རྟེན་འབྱུང་གྲངས་ལ་ཆེས་བའི་གྲངས་ཐང་ཡོད།གྲངས་ཐང་དེ་ནི་་ཡིན།
3.ཐེངས་གཉིས་རྟེན་འགྱུང་འབྱུངy=2(x-3)2+5ཡི་རིས་དབྱིབས་ནི་ཡིན།རྩེ་ཚེག་གི་གནས་ཚད་ནི་ཡིན།གལ་ཏེ་x=ཡིན་སྐབས།yལ་ཆེས་བའི་གྲངས་ཐངས་ཡོད་ལ་།གྲངས་ཐང་དེ་ནི་ཡིན།
4.ཐེངས་གཉིས་རྟེན་འགྱུང་འབྱུངy=-3(x+4)2-1ཡི་རིས་དབྱིབས་ནི་_____ཡིན།རྩེ་ཚེག་གི་གནས་ཚད་ནི་ཡིན།གལ་ཏེ་x=ཡིན།རྟེན་འབྱུང་གྲངས་ལ་ཆེས་བའི་གྲངས་ཐང་ཡོད།གྲངས་ཐང་དེ་ནི་་ཡིན།
5.ཐེངས་གཉིས་རྟེན་འགྱུང་འབྱུངy=2x2-8x+9ཡི་རིས་དབྱིབས་ནི་______ཡིན་།རྩེ་ཚེག་གི་གནས་ཚད་ནི་ཡིན།གལ་ཏེ་x=ཡིན།རྟེན་འབྱུང་གྲངས་ལ་ཆེསབའི་གྲངས་ཐང་ཡོད།གྲངས་ཐང་དེ་ནི་ཡིན།
༢སློབ་ཁྲིད་དངོས་ལ་འཇུག་པ།
གནད་དོན།1.
ཚོང་ཁང་ཞིག་གིས་ལྭ་བའི་རིན་གོང་ནི་སྒོར60ལྟར་བཙོང་བཞིན་ཡོད།གཟའ་འཁོར་རེར་ལྭ་བ300བཙོངས་ཐུབ།ཚོང་ཁང་དེ་ལྭ་བ་རེའི་ནང་འདྲེན་རིན་གོང་ནི་སྒོར40ཡིན།དེ་ན་གཟའ་འཁོར་གཅིག་གི་ཁེ་སྤོགས་ཅི་ཙམ་ཡིན།
དབྱེ་ཞིབ།
(1)ལྭ་བ་རེར་ཁེ་སྤོགས་སྒོར་_____________་ཡིན།
(2)གཟའ་འཁོར་གཅིག་གི་ཁེ་སྤོགས་སྒོར་______________ཡིན།
(3)ཁྱོད་ཚོའི་བལྟས་ན།:
ཁེ་སྤོགས།མ་གོང་།བཙོང་ཚད་བར་ལ་འབྲེལ་བ་ཅི་ཞིག་ཡོད།
གནད་དོན།2.ཚོང་ཟོག་ཅིག་གི་ད་ལྟའི་རིན་གོང་སྒོར60ཡིནལ།གཟའ་འཁོར་རེར་ཚོང་ཟོག་ཁ་གྲངས300བཙོང་ཐུབ།ཚོང་རར་བརྟག་དཔྱད་བྱས་པ་ལྟར་ན།གལ་ཏེ་རིན་གོང་ལེགས་སྒྲིག་བྱས་ཏེ་ཚོང་ཟོག་རེའི་རིན་གོང་སྒོར1སྤར་ན།གཟའ་འཁོར་རེར་ཚོང་ཟོག་ཁ་གྲངས10ཡིས་ཉུང་བ་བྲིན།ཚོང་ཟོག་གི་མ་གནས་ནི་སྒོར40ཡིན་པ་ཤེས་ན།རིན་གོང་ཇི་ལྟར་གཏན་འཁེལ་བྱས་ན་ཁེ་སྤོགས་ཆེས་མང་བ་ཡིན།
དབྱེ་ཞིབ།ཐེངས་གཉིས་རྟེན་འབྱུང་གྲངས་ཐག་གཅོད་པའི་གནད་དོན་དངོས་ཀྱི་གོ་རིམ།
(1)རྟེན་འབྱུང་གྲངས་ཀྱི་མཚོན་ཐུབ་བམ།
(2)རྟེན་འབྱུང་གྲངས་ཁྲོད་དུ་།གང་ནི་རང་འགྱུར་ཚད་དང།གང་ནི་རྟེན་འབྱུང་གྲངས་ཡིན།
(3)དེ་དག་བར་གྱི་རྟེན་འབྱུང་གྲངས་ཀྱི་འབྲེལ་བའི་ཚུལ་འབྲི་དགོས།
(4)རང་འགྱུར་ཚད་ཀྱི་གྲངས་ཐང་ལེན་ཁོངས་དུ་ཡིན།རྒྱུ་མཚན་ཅི།
(5)རྟེན་འབྱུང་གྲངས་ཀྱི་ཆེས་ཆེ་བའི་གྲངས་ཐང་ཅི་ལྟར་བརྩི་དགོས།
འགྲོལ་བ།ཚོང་ཟོག་རེར་རིན་གོང་སྒོརxསྤར་བར་ཆ་བཞག་ན།གཟའ་འཁོར་རེར་བཙོངས་པའི་ཚོང་ཟོག་གི་ཁེ་སྤོགས་སྒོར་yཡིན།
འདྲི་གཞི་གོ་དོན་ལས་ཐོབ་པ་ནི།
གལ་ཏེ་x=5ཡིནསྐབས།yནི་ཆེས་ཆེ་བའི་གྲངས་ཡིན།དེ་ཡང་གསལ་བོ་བཤད་ན།གཏན་འཁེལ་རིན་གོང་སྤར་བའི་གནས་ཚུལ་འོག་ཏུ།རིན་གོང་སྒོར5སྤར་ན།གཏན་འཁེལ་རིན་གོང་སྒོར་65ཡིན་སྐབས།ཁེ་སྤོགས་ཆེས་མང་པོ་ཡིན་ལ།དེ་ནི་6250ཡིན།
ཆེས་ཆེ་བའི་གྲངས་ཐང་འདི་ལྟར་བརྩིས་ཆོག་སྟེ།
འདི་ལས་ཤེས་ཐུབ་པ་ནི།རྟེན་འབྱུང་གྲངས་ཀྱི་རིས་དབྱིབས་ནི་དངོས་འཕངས་ཐིག་ཞིག་གི་ཆ་ཤས་ཡིན་ལ།དངོས་འཕངས་ཐིག་འདིའི་རྩེ་ཚེག་ནི་རྟེན་འབྱུང་གི་རིས་དབྱིབས་ཀྱི་ཆེས་མཐོ་བའི་ཚེག་ཡིན།xཡི་རྩེ་ཚེག་གི་གནས་ཚད་ནི་གཞུང་གནས་ལེན་སྐབས་རྟེན་འབྱུང་འདི་ལ་ཆེས་ཆེ་བའི་གྲངས་ཐང་ཡོད་ལ་།དེ་ནི་སྤྱི་འགྲོས་ལས་རྩེ་ཚེག་གི་གཞུང་གནས་ཚད་བརྩི་ཐུབ།
༣སློབ་ཐུན་གཤར་སྦྱང་།
ཚོང་ཟོག་ཅིག་གི་ད་ལྟའི་རིན་གོང་ནི་སྒོར60ལྟར་བཙོང་བཞིན་ཡོད།གཟའ་འཁོར་རེར་300བཙོངས་ཐུབ།གལ་ཏེ་རིན་གོང་ལེགས་སྒྲིག་བྱས་ཏེ་ཚོང་ཟོག་རེའི་རིན་གོང་སྒོར1བཅག་ན།གཟའ་འཁོར་རེར་ཚོང་ཟོག་ཁ་གྲངས་20ཡིས་ཇེ་མང་དུ་འགྲོ།ཚོང་ཟོག་དེ་ནང་འདྲེན་རིན་གོང་ནི་སྒོར40ཡིན།རིན་གོང་ཇི་ལྟར་གཏན་འཁེལ་བྱས་ན་ཁེ་སྤོགས་ཆེས་མང་བ་ཡིན།
༤སྤྱི་བསྡོམས།
དགེ་སློབ་ཟུང་འབྲེལ་གྱིས་དེ་རིང་གི་བསླབ་ཚན་གྱི་ནང་དོན་དག་ཕྱོགས་བསྡོམས་ཆ་ཚང་བ་ཞིག་བྱ།གལ་ཏེx=-b2aཡིན་སྐབས་yཆེས་ཆེ་བའི་=4ac-b24a
རིན་གོང་ཇི་ལྟར་གཏན་འཁེལ་བྱས་ན་ཁེ་སྤོགས་མང་ཤོས་ཐོབ་ཐུབ་པའི་གནད་དོན།
༥ལས་བྱ་བཀོད་སྒྲིག
དཔེ་དེབ་ཀྱི་P76སྟེང་གི་སྦྱང་གཞི22.3་ཡི་2བ་ཡིན།
སྒོ་སམ་ཇུས་འགོད།
སློབ་ཁྲིད་ཀྱི་སྐབས་སུ་སྒོ་སམ་གྱི་བཀོད་སྒྲིག་ཡག་ཤོས་ཤིག་དང་བྲིས་གཟུགས་ལེགས་པོ་ཞིག་ཡིན་དགོས་པ་ནི་དགེ་རྒན་གྱི་མ་མཐའི་ཆ་རྐྱེན་རེད།དེའི་ཕྱིར།ངས་སྒོ་སམ་དེ་གཙོ་ཕལ་གཉིས་སུ་བགར་ནས།གཙོ་བོའི་གཞོགས་སུ་སློབ་ཁྲིད་གྲ་སྒྲིག་བྱས་པའི་གོ་རིམ་བཞིན་སྨྱན་མང་གཟུགས
温馨提示
- 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
- 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
- 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
- 4. 未经权益所有人同意不得将文件中的内容挪作商业或盈利用途。
- 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
- 6. 下载文件中如有侵权或不适当内容,请与我们联系,我们立即纠正。
- 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。
最新文档
- 2025年公司厂级安全培训考试试题附参考答案(巩固)
- 2024-2025工厂员工安全培训考试试题含答案(能力提升)
- 25年公司、项目部、各个班组安全培训考试试题附答案(满分必刷)
- 2025店铺雇佣合同模板
- 框架协议委托代理
- 民宿拍摄合同范本
- 2025综合承包建设合同
- 2025租房转让合同范本协议书
- 2025年钢材:一级钢项目建议书
- 2025店铺买卖合同样本
- 湖北省武汉市2025届高中毕业生二月调研考试数学试题及答案
- 悦己人生-大学生心理健康智慧树知到期末考试答案章节答案2024年哈尔滨工业大学
- 中学生心理危机识别与预防- 班主任技能培训课件
- 征信查询委托书(共4篇)
- 销售谈判技巧课件
- PADI开放水域潜水员理论考试A卷
- golf高尔夫介绍课件
- 物业管理服务品质检查表
- 六年级下册第五单元16表里的生物-表里的生物-学习任务单
- JJF 1318-2011 影像测量仪校准规范-(高清现行)
- 高中美术《匠心之用-雕塑艺术》“纪念与象征-空间中的实体艺术”课件
评论
0/150
提交评论