我的优秀教案-班禅大师光临草原_第1页
我的优秀教案-班禅大师光临草原_第2页
我的优秀教案-班禅大师光临草原_第3页
我的优秀教案-班禅大师光临草原_第4页
我的优秀教案-班禅大师光临草原_第5页
已阅读5页,还剩27页未读 继续免费阅读

下载本文档

版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领

文档简介

སློབ་ཚན་དགུ་པ།པཎ་ཆེན་རིན་པོ་ཆེ་རྩྭ་ཐང་དུ་ཕེབས་པ།དང་པོ།སློབ་ཁྲིད་དམིགས་ཡུལ།༡ཤེས་བྱ་དང་ནུས་རྩལ།སློབ་ཚན་ནང་གི་ཚིག་གསར་གྱི་དག་དོན་གསལ་ཤེས་ཐུབ་པའི་རྨང་གཞིའི་ཐོག་ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གི་མཛད་འཕྲིན་ལ་རྒྱུས་མངའ་རགས་ཙམ་ཡོང་བ་བྱེད་པ་དང་།དེ་བས་ཁོང་གིས་བོད་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་སྡུག་དང་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་འགན་ཟབ་བཞེས་མཛད་པ་ཤེས་པ་བྱེད་དགོས།༢ཐབས་ཤེས་དང་བརྒྱུད་རིམ།སློབ་ཚན་ཡང་ཡང་གྱེར་ཀློག་བྱེད་དུ་བཅུག་སྟེ།ཐོག་མར་སློབ་མ་རང་ངོས་ནས་སློབ་ཚན་གྱི་བརྗོད་དོན་ལ་གོ་བ་རགས་ཙམ་ལོན་ཐུབ་པ་བྱེད་པ་དང་།དེ་རྗེས་དགེ་རྒན་གྱིས་སློབ་ཚན་གྱི་ཚིག་གནད་འགའ་ལ་འགྲེལ་པ་བྱས་ནས།སློབ་ཚན་གྱི་མི་སྣ་གཙོ་བོའི་ཐུན་མིན་གྱི་ཁྱད་ཆོས་འཛིན་ཐུབ་པ་བྱེད་དགོས།༣ཚོར་འདུ་དང་རིན་ཐང་ལྟ་བ།སློབ་ཚན་འདི་སློབ་སྦྱོང་བྱས་ནས་བོད་མི་རིགས་ཀྱི་མགོན་དུ་གྱུར་པའི་ཀུན་གཟིགས་བཅུ་པ་ཆེན་པོར་དད་ཞེན་གཙང་མ་འཕེལ་བ་བྱེད་པ་དང་།ཁོང་གི་བཀའ་སློབ་དང་ཐུགས་རྗེ་དྲི་མ་མེད་པ་ཉམས་སུ་མྱོང་ཐུབ་པ་བྱས་ནས།བོད་སྐད་ཡིག་སློབ་སྦྱོང་དང་དར་སྤེལ་གྱི་ཆེད་དུ་རང་ནུས་གང་ཡོད་འདོན་རྒྱུའི་ཆོད་སེམས་བརྟན་པོ་འཛུགས་ཐུབ་པ་བྱེད་དགོས།གཉིས་པ།སློབ་ཁྲིད་ཀྱི་དཀའ་གནད།ཀུན་གཟིགས་པཎ་ཆེན་གྱི་རླབས་ཆེན་དགོངས་པ་སྟེ།རང་རེའི་བླ་སྲོག་ཏུ་གྱུར་པའི་བོད་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་དར་སྤེལ་ལ་འབད་དགོས་པ་ཤེས་རྒྱུ།གསུམ་པ།སློབ་ཁྲིད་ཀྱི་གཙོ་གནད།སློབ་ཚན་གྱི་ཚིག་དོན་ཤེས་པའི་རྨང་གཞིའི་ཐོག་སློབ་ཚན་གྱི་སྙིང་དོན་ལ་གོ་བ་གང་ལེགས་ལོན་ཐུབ་པ་བྱས་ནས།རང་སྐད་ཡིག་ལ་དགའ་བའི་འདུ་ཤེས་སྐྱེད་སྲིང་བྱ་རྒྱུ།བཞི་པ།སློབ་ཁྲིད་གོང་གི་གྲ་སྒྲིག༡སློབ་ཁྲིད་ཡོ་ཆས།ཀུན་གཟིགས་བཅུ་པ་མཆོག་གི་འདྲ་པར་ཞིག་གྲ་སྒྲིག་བྱེད་རྒྱུ།༢ཀུན་གཟིགས་བཅུ་པ་མཆོག་གི་མཛད་རྗེས་མདོར་བསྡུས་དང་ཁོང་སྐུ་འཚོ་ཞུགས་སྐབས་ཀྱི་སྤྱི་ཚོགས་གནས་ཚུལ་ལ་ཤེས་རྟོགས་མདོར་བསྡུས་བྱ་རྒྱུ།པཎ་ཆེན་ཨིར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཆོག་ནི་རབ་བྱུང་དྲུག་པའི་ས་སྟག་(༡༩༣༨)ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་ཁོངས་བིས་མདོ་ཤང་གི་ངོ་མཚར་ཞེས་་་་པའི་གྲོང་ཚོར།ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ།ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་།ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས།སྐུ་ན་ཆུང་དུས་ཀྱི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང་།ལྕགས་སྦྲུལ་(༡༩༤༡)ལོར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས།སྐྱབས་རྗེ་རྡོ་རྗེ་་་་་འཆང་བླ་འཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ།གུང་ལོ་ཕྲ་བའི་དུས་ནས་ཡོངས་འཛིན་ཆེན་པོའི་སྐུ་དྲུང་ནས་གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་ཆོས་ཀྱི་གཞུང་ལ་གསན་སྦྱངས་དང་ཉམས་བཞེས་ལེགས་པར་མཛད།རིམ་གྱིས་དགོན་སྡེ་ཉམས་གསོ་དང་ཆོས་ལུགས་ཀྱི་སློབ་གྲྭ་འཛུགས་པ།དད་ལྡན་ལ་དབང་བསྐུར་བ་་་་་་ཀྱི་མཛད་པ་དུ་མ་བསྐྱངས།༡༩༥༡ལོར་པེ་ཅིང་དུ་བོད་ཀྱི་ལས་དོན་སྐོར་གྱི་གྲོས་མཐུན་འཇོག་པར་ཕེབས།༡༩༥༦ལོའི་ཟླ་བཞི་པར་བོད་རང་སྐྱོངས་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གནང་བ་དང་།༡༩༥༦ལོར་རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱིས་རྒྱ་གར་སྲིད་གཞུང་ནས་གདན་ཞུས་ལྟར་རྒྱ་གར་དུ་སངས་རྒྱས་་་་མྱ་ངན་ལས་འདས་ནས་ལོ་༢༥༠༠འཁོར་བའི་མཛད་སྒོ་ཆེན་མོར་ཞུགས།རྒྱ་གར་དུ་དཔལ་ཝ་ར་ན་སི་ནས་་་་་་་མཚན་འཛིན་ནང་བསྟན་པཎཌི་ཏའི་མཚན་གནས་ཕུལ་བ་བཞེས།༡༩༦༡ལོར་ཀུན་གཟིགས་མཆོག་པེ་ཅིང་དུ་་་་རྒྱལ་སྟོན་མཛད་སྐོར་ཕེབས་སྐབས་མཚོ་སྔོན་སོགས་ལ་ལས་དོན་གཟིགས་ཞིབ་ལ་ཕེབས་པ་དང་།བོད་ཀྱི་ས་ཆ་དེ་དག་དང་བོད་ལྗོངས་ཀྱི་ས་ཆའི་གནས་ཚུལ་སོགས་དགོངས་པ་ནན་བཞེས་གནང་བ་བརྒྱུད།༡༩༦༢ལོའི་ཟླ་་་་བ་ལྔ་པར་པེ་ཅིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ《བོད་ཀྱི་སྤྱི་དང་བྱེ་བྲག་གི་གནས་ཚུལ་དང་དེ་བཞིན་བོད་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་བདེ་སྡུག་དང་སླད་ཕྱིན་གྱི་རེ་སྒུག་དང་དེ་འདུན་གྱི་སྙན་ཞུ》(ཕྱིས་སུ་འདིར《ཡིག་འབྲུ་ཁྲི་བདུན་གྱི་གོང་འབུལ་ཡི་གེ》ཞེས་སོ)ཞེས་པ་མཚན་བྱང་དུ་གནང་བའི་ཕྱག་བྲིས་ཕུལ་་བ་དང་།སྙན་ཞུའི་ནང་གོ་རིམ་ལྡན་པ་དང་སྦ་གསང་མེད་པའི་སྒོ་ནས་བོད་ལྗོངས་དང་བོད་རིགས་ས་ཁུལ་་་་་་གཞན་དག་གི་ལས་དོན་སྐོར་ལ་སྐྱོན་བརྗོད་དང་གྲོས་འགོ་བཏོན་གནང་མཛད།འོན་ཀྱང་དེ་རྗེས་རིག་གསར་་་་རྗེའི་རྐྱེན་སོགས་ལས་ལོ་དགུ་བཙོན་ལ་ཞུགས་དགོས་བྱུང་།༡༩༧༨ལོ་ནས་ཀུན་གཟིགས་ཆེན་པོར་ཁ་བ་རི་པའི་་དབུ་ཁྲིད་ཀྱི་གོ་གནས་སླར་གསོ་བྱུང་བ་དང་།བོད་རིགས་མི་དམངས་བདེ་སྡུག་ཐུགས་ལ་དགོངས་ནས་བོད་ཀྱི་་ས་ཆ་མང་པོར་གཟིགས་ཞིབ་ལ་ཕེབས་པ་དང་།ཆོས་དང་རིག་གནས།དཔལ་འབྱོར་འཕེལ་རྒྱས་ལ་བཀའ་་སློབ་དུ་མ་གནང་བ་དང་།ལྷག་པར་དུ་བོད་ཀྱི་ཐུན་མིན་རིག་གནས་འཛིན་སྐྱོང་སྤེལ་གསུམ་སླད་སྐུ་ལས་ཆེན་་་བསྐྱོན་གནང་།དེ་ཡང་སྐུ་ཉིད་ནས་༡མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་སྐུ་ལས་ཆེན་པོ་བསྐྱོན་པ་དང་།མི་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པའི་བཀའ་སློབ་ནན་ནན་དུ་མཛད།༢བོད་ཀྱི་དཔལ་འབྱོར་འཕེལ་སླད་ཁོང་དང་ང་ཕོད་རྣམ་གཉིས་ནས་༡༩༨༦ལོའི་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས་གནང་།༣བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད།གོང་སྤེལ་ལ་ཐུགས་སྣང་ཆེན་པོ་མཛད་དེ།༡༩༨༧ལོར་ཁོང་དང་ཨུ་ཡོན་ཀྲང་ང་ཕོད་རྣམ་གཉིས་ཀྱིས་ཆབས་གཅིག་ཏུ་གྲོས་འགོ་བཏོན་ནས་བོད་རང་སྐྱོང་ལྗོངས་ཐུས་ཚོགས་སུ་《བོད་ཀྱི་སྐད་ཡིག་སློབ་སྦྱོང་།བེད་སྤྱོད།གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》ཅེས་པར་གྲོས་འཆམ་བྱུང་བ།༤སངས་རྒྱས་བསྟན་པ་རིང་དུ་གནས་པ་དང་གྲྭ་བཙུན་ཁེ་དབང་སོགས་ཀྱི་སླད་ཆོས་དད་རང་མོས་ཀྱི་སྲིད་ཇུས་དོན་འཁྱོལ་་་སྐུ་ལས་ཆེན་པོ་བསྐྱོན་པ་དང་།སྐུ་ངོ་མས་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་བཙུགས་གནང་བ་དང་་་་དབུ་འཛིན་ཡང་གནང་།༥ཁོང་གི་གསུང་རྩོམ་ལ་《སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་པ》དང་《སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད》ཅེས་པ་སོགས་ཡོད།མདོར་ན།ཁོང་གི་སྐུ་ཚེ་གང་པོ་ནི་རྒྱལ་་་་བའི་བསྟན་པ་དང་བོད་མི་རིགས་ཀྱི་བདེ་སྡུག་སླད་དུ་འབུལ་གནང་བ་དང་།ལྷག་པར་དུ་བོད་ཀྱི་སྐད་ཡིག་་་་་་འཛིན་སྐྱོང་སྤེལ་གསུམ་ཆེད་དུ་བོད་སྐད་ཡིག་གི་ལམ་ནས་སློབ་གསོ་སློབ་ཁྲིད་བྱེད་པའི་རྣམ་པ་གསར་པ་གཏོད་གནང་བ་སོགས་པའི་བསམ་གྱིས་མི་ཁྱབ་པའི་མཛད་པ་ཆེན་པོ་ནི་རགས་པ་ཙམ་ལས་འུ་ཅག་ཚོས་ཇི་མར་་་་་་་བརྗོད་ག་ལ་ནུས།མཐར།༡༩༨༩ལོའི་སྤྱི་ཟླ་དང་པོའི་ཚེས་༢༨ཉིན་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་་་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དོན་དུ་གཤེགས།སྐུ་གཤེགས་སྐབས་་་་་་དགུང་ལོ་༥༡ལ་ཕེབས་ཡོད།པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རེའུ་མིགསྐུ་ཕྲེང་།མཚན།འཁྲུངས་ས།འཁྲུངས་འདས་ལོ་ཚིགས།དང་པོ།མཁས་གྲུབ་དགེ་ལེགས་དཔལ་བཟང་།གཙང་ལ་སྟོད་ཆུ་འོགཤིང་གླང་༡༣༨༥ས་རྟ་༡༤༣༨གཉིས་པ།བསོད་ནམས་ཕྱོགས་གླང་།གཙང་དབེན་ས།ས་ལུག༡༤༣༩ཤིང་བྱི་༡༥༠༤གསུམ་པ།དབེན་ས་བློ་བཟང་དོན་གྲུབ།གཙང་གཡས་རུ་ལྷ་ཕུད།ཤིང་གླང་༡༥༠༥མེ་སྟག༡༥༦༦བཞི་པ།བློ་བཟང་ཆོས་རྒྱན།གཙང་རོང་ཆེན།ལྕགས་རྟ༡༥༧༠ཆུ་སྟག༡༦༦༢ལྔ་པ།བློ་བཟང་ཡེ་ཤེས།གཙང་ཐོབ་རྒྱལ།ཆུ་ཡོས་༡༦༦༣མེ་སྦྲུལ་༡༧༣༧དྲུག་པ།བློ་བཟང་དཔལ་ལྡན་ཡེ་ཤེས།ཤངས་ལྷ་ཕུད།ས་རྟ་༡༧༣༨ལྕགས་བྱི་༡༧༨༠བདུན་པ།བློ་བཟང་བསྟན་པའི་ཉི་མ།པ་སྣམ་སྐྱིད་གཤོང་།ལྕགས་གླང་༡༧༨༡ཤིང་སྟག་༡༨༥༤བརྒྱད་པ།བློ་བཟང་བསྟན་པའི་དབང་ཕྱུགཐོབ་རྒྱལ་སྦྲུལ་ཚང་།ཤིང་སྟག༡༨༥༤ཆུ་རྟ༡༨༨༢དགུ་པ།བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ།དྭགས་པོ་ཀྭ་ཤ།ཆུ་ལུག༡༨༨༣མེ་གླང་༡༩༣༧བཅུ་པ།འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་ཐམཚན།མཚོ་སྔོན་བིས་མདོ།ས་སྟག༡༩༣༨ས་སྦྲུལ་༡༩༨༩ལྔ་པ།སློབ་ཁྲིད་ཀྱི་མྱུར་ཚད།ཚོགས་ཐུན་གཉིས།དྲུག་པ།སློབ་ཁྲིད་ཀྱི་བརྒྱུད་རིམ།ཚོགས་ཐུན་དང་པོ།༡བསྐྱར་སྦྱོང་།བསླབ་གཞིའི་ཤོག་གྲངས་༤༢ནང་གི་དག་ཡིག་དང་འབྲེལ་ནས།སྙོན།གདམས།དྲས།ལྦ།བསང་།གྲལ།སྦ།རྙིད་བཅས་ལ་ཚིག་གྲོགས་རེ་སྦྱོར་ཐུབ་པ་བྱེད་དགོས།༢གསར་འདྲེན།སློབ་ཚན་གྱི་ཁ་བྱང་དང་འབྲེལ་ནས།ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གི་འདྲ་པར་བསྟན་པ་དང་ཆབས་ཅིག་མཛད་རྣམ་རགས་པ་གླེང་རྒྱུ།༣གསར་ཁྲིད།(༡)དགེ་རྒན་གྱིས་ཉམས་འགྱུར་ལྡན་པའི་སྒོ་ནས་སློབ་ཚན་དཔེ་སྟོན་ཀློག་འདོན་བྱེད་པ་དང་།དོ་སྣང་བྱེད་དགོས་རིགས་ལ་ནན་བཤད་བྱེད་དགོས།དེ་རྗེས་སློབ་མ་མཉམ་དུ་གྱེར་ཀློག་ཐེངས་ཤིག་བྱེད་དུ་བཅུག་སྟེ།ཀློག་སྟངས་མ་དག་པའི་རིགས་ལ་སླར་ནན་བཤད་བྱེད་དགོས།(༢)དགེ་རྒན་གྱིས་དལ་མོར་སློབ་ཚན་གྱེར་ཀློག་བྱེད་པ་དང་།དུས་མཚུངས་སློབ་ཚན་ནང་གི་འགག་གནད་དམ་དཀའ་གནད་ཀྱི་ཚིག་འགའི་ས་ལ་ཀློག་མཚམས་བཞག་སྟེ།རྟགས་འགོད་དུ་བཅུག་ནས་དོན་འགྲེལ་བྱེད་རྒྱུ།(འདི་ལས་དཀའ་ཁག་ཆེ་བ་དང་གནད་ཆེ་བ་འགའ་ནག་པང་དུ་བྲི་རྒྱུ།)པཎ་ཆེན་ཨེར་ཏེ་ནི།—པཎ་ནི་པཎཌི་ཏའི་དོན་དང་ཨེར་ཏེ་ནི་སོག་སྐད་ཡིན་ཞིང་།བོད་སྐད་དུ་རིན་པོ་ཆེ་ཞེས་སོ།དེ་ཡང་མན་ཇུའི་གོང་མ་བདེ་སྐྱིད་རྒྱལ་པོས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་མཚན་དེ་ལྟར་གནང་བ་ནས་རིམ་གྱིས་ཕྱིས་ཀྱི་སྐུ་ཕྲེང་རིམ་བྱོན་ལ་ཐོགས་པའོ།ཕྱག་དབང་།—བླ་མ་དང་སྐྱེས་ཆེན་གྱི་ཕྱག་མཇལ་མཁན་གྱི་དབུ་ལ་བཞག་ནས་བྱིན་རླབས་གནང་སྟངས་ཤིགལྗགས་མདུད།—རས་དར་ཚོན་སྐུད་སོགས་ཀྱི་དབུས་སུ་རྡོ་རྗེའི་མདུད་པ་བྱས་ནས་སྔགས་བཏབ་པའི་སྲུང་མདུདགོ་འཇོ།—བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ས་ཁུལ་ཁོངས་སུ་གཏོགས་པའི་རྫོང་ཞིག་གི་མིང་།ཁྲི་ཕྲག—གྲངས་གནས་ཁྲི་ཡན་ནམ་ཁྲི་ནས་འབུམ་བར་ངེས་མེད་བསྟན་པ་ཡིན།སྐུ་ངལ།—དཀའ་ངལ་གྱི་ཞེ་ས།ཆབས་ཅིག—ལྷན་ཅིག་གམ་མཉམ་ཅིག་སྟེ།མཉམ་དུ་ཡི་དོན།ན་བཟའ།—གོས་ཀྱི་ཞེ་ས།ཕྱག་བརྡ།—ལག་བརྡ་ཡི་ཞེ་ས།ལག་པ་འགུལ་ནས་དོན་གོ་བར་བྱེད་པར་ཟེར།སྐུ་དྲུང་།—སྐྱེ་བོ་གང་རུང་གི་འགྲམ་དུ་ཡི་ཞེ་ས།འཆད་སྟེགས།—གཏམ་ཤོད་སའི་སྟེགས་བུ།བཀའ་སློབ།—བསླབ་བྱའམ་སློབ་གསོའི་ཞེ་ས།བླ་ན་མེད་པ།—གོང་ན་མེད་པ་སྟེ།སྐྱེ་བོ་སོགས་ཁྱད་འཕགས་ཀྱི་དོན།དུས་གཏན་དུ།—དུས་ནམ་ཡང་།བློ་ལ་བཅངས།—སེམས་ལ་ངེས།རྔམ་ཟིལ།—གཟི་བརྗིད་ཀྱི་ཉམས་དང་ལྡན་པ།མནབས།—གོས་སོགས་གྱོན་པའི་ཞེ་ས།མཆི་མ།—མིག་ཆུའི་མིང་།ལང་ཚོ།—མིའི་ན་ཚོད་ཀྱི་མིང་སྟེ།ན་ཚོད་གཞོན་དུས་ལ་གོ(༣)སློབ་མར་སློབ་ཚན་གྱི་རང་གྲུབ་དུམ་ཇི་ཡོད་དང་།ནང་དོན་ཁག་ཆེ་བ་ཅི་ཙམ་ལས་གྲུབ་མིན་བསམ་གཞིག་བྱེད་དུ་འཇུག་རྒྱུ་དང་དགེ་རྒན་ནས་ནང་དོན་ཁག་སོ་སོའི་བརྗོད་དོན་རགས་བཤད་བྱ་རྒྱུ།སློབ་ཚན་འདི་རང་གྲུབ་དུམ་མཚམས་དྲུག་ལས་གྲུབ་པ་དང་།དེ་དག་ནང་དོན་གི་གོ་རིམ་ལྟར་དོན་ཁག་བཞི་རུ་དབྱེ་འོས།རང་གྲུབ་དུམ་མཚམས་དང་པོ་དེ་ནང་དོན་ཁག་དང་པོ།ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་པའི་སློབ་ཚན་གྱི་བརྗོད་བྱ་འདྲེན་པར་བྱས་ཡོད།རང་གྲུབ་དུམ་མཚམས་གཉིས་པ་དང་གསུམ་པ།བཞི་པ་བཅས་ནང་དོན་ཁག་གཉིས་པ།བརྒྱུད་རིམ་ལྡན་པའི་སྒོ་ནས་པཎ་ཆེན་རིན་པོ་ཆེ་རྩྭ་ཐང་དུ་ཕེབས་རྒྱུ་ཡིན་པ་གོ་བ་དང་།དངོས་སུ་ཕེབས་པ།མང་ཚོགས་དང་མཇལ་ཁ་གནང་བ།ཞིང་འབྲོག་ལས་འཕེལ་ཕྱིར་གལ་ཆེའི་མཛུབ་སྟོན་གནང་བའི་སྐོར་བྲིས་ཡོད།རང་གྲུབ་དུམ་མཚམས་ལྔ་པ་ནང་དོན་ཁག་གསུམ་པ།རིན་པོ་ཆེས་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ནས་ན་ཆུང་སློབ་མ་ཚོར་རང་གི་སྐད་དང་ཡི་གེར་བརྩོན་ཆེར་བསྐྱེད་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་གནང་བའི་སྐོར་བྲིས་ཡོད།རང་གྲུབ་དུམ་མཚམས་དྲུག་པ་ནང་དོན་ཁག་བཞི་པ།རྩོམ་པ་པོའི་ཡིད་ཀྱི་བསམ་ཚུལ་གཙོ་བོར་བརྗོད་པ་སྟེ།རྩོམ་པ་པོས་རིན་པོ་ཆེའི་བཀའ་སློབ་ཡིད་ལ་བརྟན་པོར་ངེས་པ་དང་།ཕ་ཡུལ་འཛུགས་སྐྲུན་སླད་ནུས་པ་ཆེར་འདོན་གྱི་སྙིང་སྟོབས་མཚོན་པར་བྱས་ཡོད།༤སྦྱོང་གཞི།(༡)སློབ་ཚན་གྱེར་ཀློག་ཐེངས་གསུམ་བྱས་ནས་སློབ་ཚན་གྱི་ནང་དོན་ལ་གོ་བ་གང་ནུས་ལེན་དགོས།(༢)སློབ་ཚན་རྒྱབ་ཀྱི་དྲི་བ་དང་པོར་རང་གི་བློ་གྲོས་ལ་བརྟེན་ནས་ལན་བཏབ་ནས་ཁྱིམ་སྦྱོང་ཐོག་འབྲི་དགོས་པ་དང་།སློབ་ཚན་མཇུག་གི་ཚིག་གསར་གྱི་དག་དོན་རྣམས་ངེས་རྗེས་དཔོད་བྲིས་གཏོང་དགོས།ཚོགས་ཐུན་གཉིས་པ།༡བསྐྱར་སྦྱོང་།(༡)གཤམ་གྱི་མིང་ཚིག་གི་དག་དོན་ཤོད་རྒྱུ།པཎ་ཆེན།ཕྱག་དབང་།ལྗགས་མདུད།སྐུ་ངལ།ཆབས་ཅིགན་བཟའ།ཕྱག་བརྡ།སྐུ་དྲུང་།འཆད་སྟེགས།བཀའ་སློབ།བླ་ན་མེད་པ།དུས་གཏན་དུ།བློ་ལ་བཅངས།རྔམ་ཟིལ།མནབས།མཆི་མ།(༢)སློབ་མ་མཉམ་དུ་སློབ་ཚན་གྱེར་ཀློག་ཐེངས་ཤིག་བྱེད་དུ་བཅུག་ནས་སློབ་མའི་ཀློག་འདོན་གྱི་ནུས་བརྟག་རྒྱུ།༢གསར་ཁྲིད།(༡)དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་སློབ་ཚན་གྱི་ནང་དོན་ལ་བསྐྱར་དུ་བསམ་གཞིག་བྱེད་རྒྱུ་དང་།སློབ་ཚན་གྱི་ནང་དོན་ལ་གོ་བ་གཏིང་ཚུགས་པ་ལོན་ཐུབ་པ་བྱ་རྒྱུ།ཀ།རྩོམ་པ་པོས་སེམས་ནང་བརྗེད་ཐབས་མེད་པ་ནི་པཎ་ཆེན་རྩྭ་ཐང་དུ་ཕེབས་པ་ཡིན་ཟེར་དོན་གང་ཡིན།ལན།དེ་ནི་སློབ་ཚན་གྱི་ནང་དོན་འདྲེན་པ་དང་ནང་དོན་འདི་འདྲ་ཞིག་འབྲི་བའི་དགོས་པ་རགས་རིམ་བསྟན་པ་ཡིན།ཁ།ཀུན་གཟིགས་བཅུ་པ་ཆེན་པོ་ག་དུས་ས་ཆ་གང་དུ་ཕེབས་པ་བྲིས་འདུགལན།༡༩༨༧ལོའི་སྟོན་ཁར་ཆབ་མདོ་གོ་འཇོ་རྫོང་དུ་ཕེབས་པ་བྲིས་འདུགགཔཎ་ཆེན་རྩྭ་ཐང་དུ་ཕེབས་ལ་ཉེ་བའི་དུས་གོ་འཇོ་རྫོང་གི་མི་རྣམས་ཀྱིས་ཅི་འདྲ་བྱེད་ཀྱི་འདུགལན།རྒན་སྐྱོར་བྱིས་ཁྲིད་ཀྱིས་ལ་རྒལ་ལུང་རྒལ་བྱས་ནས་རྫོང་ཁུལ་དུ་འཛོམས།ང་།པཎ་ཆེན་དངོས་སུ་རྩྭ་ཐང་དུ་ཕེབས་ཉིན་ག་དུས་ཡིན་ནམ།ལན།༡༩༨༧ལོའི་ཟླ་༩པའི་ཚེས་༧ཉིན་གྱི་སྔ་དྲོར་ཡིན།ཅ།པཎ་ཆེན་རྩྭ་ཐང་ནས་མཇལ་བའི་དུས་སུ་རྩོམ་པ་པོ་ལོ་ག་ཚོད་ཙམ་ཡིན།ལན།གཟུགས་པོ་ཆུང་བའི་སློབ་ཆུང་སློབ་མ་ཞིག་ཡིན།ཆ།ཀུན་གཟིགས་པཎ་ཆེན་མཇལ་བའི་དད་ལྡན་མང་ཚོགས་ཀྱིས་ཕྱག་འབུལ་བ་དང་།མིག་ལ་མཆི་ཞགས་འཁོར་དོན་གང་ཡིན་ནམ།ལན།དེ་ནི་ཁོང་རྣམས་རིན་པོ་ཆེར་སེམས་གཏིང་ནས་དད་པ་གཙང་མ་ཡོད་པ་དང་།རིན་པོ་ཆེ་མཇལ་བའི་དགའ་བས་མིག་མཆི་མ་འཁོར་བ་རེད།ཇ།ཉི་འོད་རྣམ་པར་བཀྲ་བའི་ནམ་མཁའ་དེ་རྩོམ་པ་པོས་དཔེ་གང་ལ་བཞག་ཡོད།ལན།མཐའ་ཡས་རྒྱ་མཚོ་ནམ་མཁར་སྤོས་པར་དཔེ་བཞག་འདུགཉ།རིན་པོ་ཆེས་མང་ཚོགས་ལ་མཇལ་ཁ་གནང་སྐབས་གཙོ་བོ་གང་གནང་གི་འདུག་གམ།ལན།ཕྱག་དབང་དང་ལྗགས་མདུད་གནང་གི་འདུགཏ།རིན་པོ་ཆེས་མང་ཚོགས་ལ་མཇལ་ཁ་གནང་གྲུབ་རྗེས་གང་གི་སྐོར་ལ་གཏམ་བཤད་གནང་འདུགལན།ཞིང་ལས་དང་འབྲོག་ལས་འཕེལ་རྒྱས་སྐོར་ལ་བཀའ་སློབ་མཛུབ་སྟོན་གནང་འདུགཐ།ཉིན་དེའི་་ཕྱི་དྲོ་རིན་པོ་ཆེ་གང་དུ་ཕེབས་པ་དང་།བཀའ་སློབ་གཙོ་བོ་གང་གནང་འདུག་གམ།ལན།རིན་པོ་ཆེ་རྩོམ་པ་པོས་སློབ་སྦྱོང་གནང་སའི་སློབ་གྲྭའི་ནང་དུ་གཟིགས་ཞིབ་ལ་ཕེབས་འདུག་ཅིང་།དེ་ཡང་གཙོ་བོ་བོད་གསར་འཛུགས་སྐྲུན་གྱི་སླད་དུ་ཤེས་བྱ་རིག་གནས་སྦྱོང་དགོས་པ་དང་།དེ་བས་ན་ཆུང་སློབ་མ་རྣམས་ཀྱིས་མ་འོངས་པའི་ནང་བོད་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་ཕྱིར་རང་སྐད་ཡིག་སྟེ།བོད་ཡིག་ལེགས་པར་སྦྱོང་དགོས་པའི་སྐོར་ལ་བཀའ་སློབ་གནང་འདུགད།རྩོམ་པ་པོས་རིན་པོ་ཆེས་གཏམ་བཤད་གནང་དུས་ཟིལ་རྔམ་ཆེ་ཞིང་།ཞལ་རས་ནི་བྱམས་བརྩེ་ལྡན་པ་ཞིག་རེད་ཟེར་དོན་གང་ཡིན།ལན།སྐབས་དེ་དུས་རྩོམ་པ་པོ་ན་ཚོད་ཕྲ་ཡང་།རིན་པོ་ཆེ་བཀའ་སློབ་མ་མོས་གུས་ཟབ་མོ་བྱུང་བའི་རྐྱེན་གྱིས་ཡིན།ན།རྩོམ་པ་པོ་ག་དུས་ནང་སའི་འཛིན་གྲྭ་གང་ལ་རྒྱུགས་འཕྲོད་འདུགལན།༡༩༨༩ལོར་ཧུའུ་པེ་ཧྲ་ཧྲེ་གྲོང་དུ་ཡིན།པ།རྩོམ་པ་པོས་སྐབས་དེ་ནས་ལོ་ངོ་བཞི་ཙམ་འདས་ཀྱང་རིན་པོ་ཆེའི་བཀའ་སློབ་རྡོ་ལ་རི་མོ་བརྐོས་པ་བཞིན་སེམས་ལ་ངེས་པ་དང་།བསམ་འདུན་ཅི་འདྲ་ཞིག་བཅངས་འདུགལན།དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་ཏེ་མ་འོངས་བོད་གསར་འཛུགས་སྐྲུན་ལ་རང་ནུས་ལེགས་སྐྱེས་སུ་འབུལ་རྒྱུའི་བསམ་འདུན་བཅངས་འདུགཕ།སློབ་ཚན་འདི་སློབ་སྦྱོང་བྱས་པ་བརྒྱུད་ཁྱེད་ཚོར་མྱོང་བ་གང་བྱུང་ངམ།ལན།ཀུན་གཟིགས་བཅུ་པ་ཆེན་པོ་ནི་བོད་ཀྱི་མི་དམངས་མང་ཚོག

温馨提示

  • 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
  • 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
  • 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
  • 4. 未经权益所有人同意不得将文件中的内容挪作商业或盈利用途。
  • 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
  • 6. 下载文件中如有侵权或不适当内容,请与我们联系,我们立即纠正。
  • 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。

评论

0/150

提交评论